今天是:

རེས་མོའི་གསར་འགྱུར།

ཉིན་རེའི་གསར་འགྱུར་གལ་ཆེན།

མདུན་ཤོག > རེས་མོའི་གསར་འགྱུར། > ཉིན་རེའི་གསར་འགྱུར་གལ་ཆེན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད།

                                                   


 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད།
                  (2019ལོའི་ཟླ་10ཚེས་1ཉིན)
                      ཞི་ཅིན་ཕིང་།

    རྒྱལ་ཡོངས་ཀྱི་སྤུན་ཟླ་ཚོ། བློ་མཐུན་ཚོ། གྲོགས་པོ་ཚོ།
    དེ་རིང་།ང་ཚོས་གཟབ་རྒྱས་ངང་འདུ་འཛོམས་བྱས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བཞིན་ཡོད།སྐབས་འདིར།རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་བུ་ཕྲུག་ཚོས་དགའ་བ་དཔག་ཏུ་མེད་པའི་བསམ་པ་འཆང་བ་དང་།ཚང་མས་རང་རེའི་རླབས་ཆེའི་མེས་རྒྱལ་ལ་སྤོབས་པ་སྐྱེ་བ། ཚང་མས་རང་རེའི་རླབས་ཆེའི་མེས་རྒྱལ་ལ་ཟོལ་མེད་ཀྱི་སྨོན་འདུན་ཞུ་བཞིན་ཡོད།
འདིར་ངས་ཏང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ཏེ་མི་རིགས་རང་དབང་དང་། མི་དམངས་བཅིངས་འགྲོལ། རྒྱལ་ཁབ་སྟོབས་ཆེ།མི་དམངས་བདེ་སྐྱིད་བཅས་ཡོང་བའི་ཆེད་དུ་ནམ་ཡང་སུབ་ཐབས་མེད་པའི་བྱས་རྗེས་འཇོག་མཁན་གསར་བརྗེའི་སྔོན་བྱོན་པ་དང་སྔོན་གཤེགས་དཔའ་བོ་ཚོར་རྗེས་དྲན་ཟབ་མོ་ཞུ་རྒྱུ་དང་།རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་རྒྱལ་ཁབ་ཕྱི་ནང་གི་རྒྱལ་གཅེས་སྤུན་ཟླ་ཚོར་སྤྲོ་སེམས་འཁོལ་བའི་སྨོན་འདུན་ཞུ་རྒྱུ།ཀྲུང་གོའི་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་ གནང་མཁན་རྒྱལ་ཁབ་ཁག་གི་རོགས་ཟླ་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    ལོ་ངོ་70ཡི་གོང་གི་དེ་རིང་།བློ་མཐུན་མའོ་ཙེ་ཏུང་གིས་འདི་ནས་འཛམ་གླིང་ལ་བརྗིད་ཉམས་ལྡན་པའི་ངང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཁྱབ་བསྒྲགས་གནང་བས་དུས་དེ་ནས་བཟུང་ཀྲུང་གོའི་མི་དམངས་ཡར་ལངས་ཐུབ་ཡོད།རླབས་ཆེན་གྱི་དོན་ཆེན་འདིས་ཉེ་རབས་རྗེས་ཀྱི་ཀྲུང་གོའི་དབུལ་ཕོངས་དང་།གཉོད་ཆུང་།བརྙས་བཅོས་བྱ་ཡུལ་ བཅས་ཀྱི་ཡ་ང་བའི་ལོ་ངོ་100ཡི་ལས་དབང་ལ་རྦད་དེ་འགྱུར་ལྡོག་བྱུང་སྟེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཡངས་པའི་འགྲོ་ལམ་ཐོག་བསྐྱོད་ཐུབ་ཡོད།
    ལོ་ངོ་70ཡི་རིང་།རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་གཅིག་སེམས་གཅིག་དང་དཀའ་སྤྱད་འབད་འཐབ་བྱས་པས་འཛམ་བུ་གླིང་ཧང་སངས་བའི་བརྗིད་ཆེའི་གྲུབ་འབྲས་ཐོབ་ཡོད།དེ་རིང་།སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་ འཛམ་གླིང་ཤར་ཕྱོགས་སུ་འགྱིང་ངེར་གནས་བཞིན་ཡོད་ལ།རང་རེའི་རླབས་ཆེན་མེས་རྒྱལ་གྱི་གནས་བབ་ལ་སྟོབས་ཤུགས་ཅི་འདྲ་ཞིག་གིས་ཀྱང་གཡོ་འགུལ་གཏོང་ཐུབ་ཀྱི་མེད་པ་དང་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་སྐྱོད་གོམ་ སྟབས་ལ་སྟོབས་ཤུགས་ཇི་འདྲ་ཞིག་གིས་ཀྱང་འགོག་རྐྱེན་བཟོ་ཐུབ་ཀྱི་མེད།
    བློ་མཐུན་ཚོ། གྲོགས་པོ་ཚོ།
    མདུན་སྐྱོད་ཀྱི་ལམ་བུའི་ཐོག་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་གཙོ་བོའི་གནས་བབ་མཐའ་འཁྱོངས།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་དང་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཇུས་བཅས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ཟམ་མི་ཆད་པར་སྐོང་བ་དང་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གསར་པ་ཟམ་མི་ཆད་པར་གཏོད་དགོས།
མདུན་སྐྱོད་ཀྱི་ལམ་བུའི་ཐོག་ང་ཚོས“ཞི་བདེ་གཅིག་གྱུར་དང་།རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ནས་ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་བར་རྒྱུན་འཁྱོངས་དང་།མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད།ཀྲུང་ཧྭ་བུ་ཕྲུག་ཚང་མ་མཐུན་སྒྲིལ་བཅས་བྱས་ནས་མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བར་མུ་མཐུད་འབད་འཐབ་བྱེད་དགོས།
མདུན་སྐྱོད་ཀྱི་ལམ་བུའི་ཐོག་ང་ཚོས་ཞི་བདེའི་འཕེལ་རྒྱས་འགྲོ་ལམ་མཐའ་འཁྱོངས་ཀྱིས་གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་ལག་ལེན་བསྟར་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་ལྷན་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་སྐྲུན་པར་སྐུལ་འདེད་གཏོང་དགོས།
    ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེས་མི་དམངས་དམག་དཔུང་གི་རང་གཤིས་དང་། དམིགས་ཡུལ། རང་མདངས་བཅས་ནམ་ཡང་མི་འགྱུར་བར་བྱས་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་དང་འཛམ་གླིང་ཞི་བདེ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།
    བློ་མཐུན་ཚོ། གྲོགས་པོ་ཚོ། ཀྲུང་གོའི་འདས་ཟིན་པའི་ལོ་རྒྱུས་མིའི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་ཐོག་འཁོད་ཟིན། ཀྲུང་གོའི་ད་ལྟའི་ལོ་རྒྱུས་མི་དམངས་ཁྲི་སྟོང་མང་པོས་གཏོད་བཞིན་ཡོད།ཀྲུང་གོའི་མ་འོངས་ཀྱི་ལོ་རྒྱུས་དེ་བས་མཛེས་སྡུག་ ལྡན་པ་ཡོང་ངེས་ཡིན།ཏང་ཡོངས་དང་དམག་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དེ་བས་མཐུན་སྒྲིལ་དམ་ཟབ་དང་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་རང་རེའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྔར་བས་བརྟན་ལྷིང་འཕེལ་རྒྱས་དང་།“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་འབད་འཐབ་ལྷོད་མེད་བཅས་བྱེད་དགོས།
    རླབས་ཆེན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁྲི་ལོར་བརྟན་པར་ཤོག
    རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག
    རླབས་ཆེན་གྱི་ཀྲུང་གོའི་མི་དམངས་ཁྲི་ལོར་བརྟན་པར་ཤོག


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

15选5旋转矩阵 河南22选5彩票预测 金融权重股指的是哪些 河南11选5分布走势图 福彩3d投注技巧 股票杠杆交易平台 广东快乐十分实时开奖 最全杀肖公式 配资网站源码 食用油上市公司龙头 青海快3基本走势带坐标 浙江11选五走势图表下载 和拖是什么意思 中石油股票走势分析 上海时时乐哪能买 福建快三推荐号 股票大宗交易规则