今天是:

གནད་མཐོང་ཆེ་ཤོས།

རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

མདུན་ཤོག > གནད་མཐོང་ཆེ་ཤོས། > རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

ཨན་ཅིན་ལུང་ལིན་ཐན་རྫོང་དང་ཅོ་ནེ་རྫོང་གི་འཐབ་ས་དང་པོའི་རིམས་ནད་སྔོན་འགོག་བྱ་བར་ཟབ་ཞུགས་བྱས་ནས་ཚོད་འཛིན་བྱ་བར་ཞིབ་བཤེར་མཛུབ་ཁྲིད་བྱས་པ།

     ཟླ༡པའི་ཚེས༢༩ཉིན།ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་ཀ་ཅུ་གྲོང་ཁྱེར་དང་ཏིན་ཞི་གྲོང་ཁྱེར་གྱི་མཐའ་མཚམས་སུ་གནས་པའི་རང་ཁུལ་གྱི་ལིན་ཐན་རྫོང་དང་།ཅོ་ནེ་རྫོང་གི་ཤང་དང་གྲོང་རྡལ་༩སྡེ་བ༡༡གི་སྲུང་གནས་ ༡༦ ཞིང་ཆེན་ཐད་གཏོགས་ཀྱི་ཁེ་ལས་དང་ལས་ཁུངས་ཁ་ཤས་སུ་སོང་ནས།ཏོག་དབྱིབས་ནད་དུག་གསར་བའི་རིམས་ནད་སྔོན་འགོག་བྱ་བར་ཞིབ་བཤེར་བྱས་པ་དང་།འཐབ་ས་དང་པོའི་སྨན་བཅོས་མི་སྣ་དང་སྤྱི་བདེ་ཉེན་རྟོག་པ།འགྲིམ་འགྲུལ་དོ་ དམ་མི་སྣ། ཞིང་སྡེའི་ལས་བྱེད་པ་དང་གཞི་རིམ་ཏང་ཡོན་མི་སྣར་འཚམས་འདྲི་བྱས།
     ཨན་ཅིན་ལུང་གིས་རིམས་ནད་སྔོན་འགོག་བྱ་བ་ནན་གྱིས་བསྒྲུབ་པ་དང་།ཕར་འགྲོ་ཚུར་འོང་གི་མི་རྣམས་རེ་རེ་བཞིན་ཐོ་འགོད་བྱས་ནས་རྟོག་ཞིབ་ནན་མོ་བྱ་དགོས་ཤིང་།བདེ་འཇགས་གཏན་སྲུང་དང་རིམས་ནད་སྔོན་འགོག་བྱ་བར་རྒྱལ་ཁ་ཐོབ་པར་ཁག་ཐེག་བྱ་དགོས།མི་དམངས་ལྟེ་བར་འཛིན་པའི་བསམ་བློ་བརྟན་པོར་བཅིངས་ནས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གྱི་དགོངས་པ་གལ་ཆེན་ལག་ལེན་དོན་འཁྱོལ་བྱེད་པ་དང་།ཞིང་ཆེན་དང་ཁུལ་ཨུའི་གཅིག་གྱུར་གྱི་བཀོད་སྒྲིག་ལྟར། ཕྱོགས་ཡོངས་ནས་རིམས་ནད་སྔོན་འགོག་བྱ་བའི་རིགས་སོ་སོའི་བྱེད་ཐབས་དང་བླང་བྱ་ལག་ལེན་བྱ་དགོས་ཤིང་། མང་ཚོགས་ཀྱི་སྔོན་འགོག་འདུ་ཤེས་མཐོར་འདེགས་སུ་གཏོང་ནས།དངོས་པ་དོན་གྱི་སྔོན་འགོག་བྱ་བའི་རྣམ་པ་ལེགས་པོ་ཞིག་ཆགས་པར་ཧུར་བརྩོན་བྱ་དགོས་ཅེས་ནན་གྱིས་བསྟན།།  

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

15选5旋转矩阵