今天是:

གནད་མཐོང་ཆེ་ཤོས།

རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

མདུན་ཤོག > གནད་མཐོང་ཆེ་ཤོས། > རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

ཡུས་ཁྲིན་ཧུའེ་ཡིས་ཧོར་གཙང་ཤིང་སྒོ་དང་།ཝང་གུར་ཐང་སོགས་རིམས་ནད་ཞིབ་དཔྱད་ཚད་ལེན་ས་ཚིགས་ ནས་ཞིབ་བཤེར་མཛུབ་ཁྲིད་བྱས་པ།

     ཟླ་1ཚེས་27ཉིན་གྱི་ཕྱི་དྲོ།ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུ་ཀྱི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་བསང་ཆུ་རྫོང་གི་ཧོར་གཙང་ཤིང་སྒོ་དང་།ཝང་གུར་ཐང་སོགས་ཏོག་དབྱིབས་ནད་དུག་གསར་བ་འགོས་པའི་གློ་ཚད་ཀྱི་རིམས་ནད་ཞིབ་དཔྱད་ཚད་ལེན་ས་ཚིགས་སུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་མཉམ་འགོག་མཉམ་བཅོས་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་བྱས་པ་དང་འཐབ་ས་དང་པོའི་སྔོན་འགོག་ཚོད་འཛིན་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་བྱས་པ་རེད།
     རིམས་ནད་ཞིབ་དཔྱད་ཚད་ལེན་ས་ཚིགས་རེ་རེ་ནས་ཡུས་ཁྲིན་ཧུའེ་ཡིས་མི་སྣའི་འགྲོ་འོང་ཚད་དང་། འགྲོ་འོང་ཐོ་འགོད། རིམས་ནད་ཞིབ་དཔྱད་ཚད་ལེན།སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ནས་འཐབ་ཕྱོགས་དང་པོའི་ལས་བྱེད་པ་དང་མང་ཚོགས་ལ་མཉམ་འགོག་མཉམ་བཅོས་དང་མཉམ་འགོག་མཉམ་བཅོས་ཀྱི་བྱེད་ཐབས་ཁག་དོན་འཁྱོལ་ནན་པོ་བྱ་དགོས་པ་དང་དུས་མཚུངས་ངེས་པར་དུ་རང་ངོས་ཀྱི་འགོག་སྲུང་ལ་ཤུགས་སྣོན་བརྒྱབ་ནས་རང་ངོས་ཀྱི་བདེ་འཇགས་འགན་ལེན་བྱ་དགོས་པའི་མངགས་བཅོལ་ཡང་ཡང་གནང་བ་རེད།
     ཡུས་ཁྲིན་ཧུའེ་ཡིས་ཁྱིམ་དུ་སྡོད་པ་ནི་རང་ཉིད་ལ་སྲུང་སྐྱོང་ཡག་ཤོས་བྱས་པ་ཞིག་ཡིན་པ་དང་།བདེ་འཇགས་ཆེ་ཤོས་ཀྱི་འགོག་སྲུང་ཞིག་ཡིན་པ་དང་རིམས་ནད་འགོག་པའི་ཐད་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་ཀྱང་རེད།ལས་བྱེད་པ་དང་མང་ཚོགས་རྒྱ་ཁྱབ་ངང་སྐུལ་སློང་བྱས་ཏེ་ཕྱིར་སྐྱོད་མི་སྣ་ས་གནས་ས་ཐོག་ཏུ་སྡོད་དགོས་པ་དང་།རྒྱ་ཆེའི་ཡུལ་སྐོར་བ་དང་དེ་བཞིན་གཉེན་ཉེ་དང་གྲོགས་པོར་དུས་ཐོག་ཏུ་བཀག་སྡོམ་བསླབ་བྱ་བྱེད་པ།ཀན་ལྷོའི་ལྟ་སྐོར་ཡུལ་སྐོར་དང་།གཉེན་ཉེ་ཐུག་འཕྲད་དང་གྲོགས་པོར་འཚམས་འདྲི།གསོལ་སྨོན་ཞུ་བ་བཅས་གནས་སྐབས་མཚམས་འཇོག་བྱ་དགོས་པའི་བརྡ་ཐོ་གཏོང་དགོས།ཀན་ལྷོར་ཕྱིར་ལོག་བྱས་ཟིན་པའི་མི་སྣས་རང་ཉིད་འགོག་སྲུང་ལ་ཤུགས་སྣོན་རྒྱག་པ་དང་།རང་རྟོགས་ངང་ཁྱིམ་སྡོད་ལྟ་ཞིབ་བྱེད་པ།ལྟ་ཞིབ་བྱེད་རིང་ཕྱི་ཕྱོགས་སུ་བྱེད་སྒོ་གང་རུང་ནང་ཞུགས་མི་རུང་བ།འགོག་སྲུང་བྱ་ཐབས་མ་སྤྱད་པའི་གནས་ཚུལ་འོག་མི་གཞན་དང་འབྲེལ་གཏུག་བྱེད་མི་རུང་བ།ཚ་བ་རྒྱས་པའི་ནད་རྟགས་ཐོན་ཚེ་འཕྲལ་དུ་གནས་གཏན་འཁེལ་གྱི་སྨན་ཁང་དུ་ཚ་བ་རྒྱས་པའི་སྒོ་བསྟེན་སྨན་བཅོས་བྱེད་པར་བསྐྱོད་དེ་རང་འགུལ་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱ་དགོས།དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ལས་བྱེད་པ་དང་མང་ཚོགས་ལ་ཕྱི་ཕྱོགས་སུ་སྐྱོད་པའི་བྱེད་སྒོ་ཉུང་དུ་གཏོང་རྒྱུར་སློབ་གསོ་དང་ཁྲིད་སྟོན་ཧུར་ཐག་བྱ་དགོས། ཁྱིམ་ཚང་དབར་དང་། གྲོང་ཚོ་དང་ཚོགས་ཆུང་དབར། ཤང་གྲོང་དབར། རྫོང་དང་གྲོང་ཁྱེར་དབར་བཅས་ཀྱི་མི་སྣ་འགྲོ་འོང་ཉུང་དུ་གཏོང་དགོས། “དྲ་མིག་ཅན་+དུད་ཚང་བཅུའི་མཉམ་འགོག་མཉམ་འགོག་བྱེད་པའི”མཉམ་འགོག་མཉམ་བཅོས་ཁྲོད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ནང་འདྲེན་མི་སྣ་འདེམས་བཤེར་དང་རྗེས་འདེད་བཅར་འདྲི་སོགས་ཀྱི་འགན་འཁྲི་ནན་དུ་གཏོང་བ། ཕན་ཚུན་ལྟ་སྐུལ་དང་། ཚན་རིག་དང་མཐུན་པའི་འགོག་བཅོས་བཅས་བྱས་ཏེ་གཞི་གྲངས་གསལ་བོ་དང་གནས་ཚུལ་གསལ་བོ་ཡོང་བ་བྱ་དགོས།
     ཡུས་ཁྲིན་ཧུའེ་ཡིས་མི་དམངས་མཉམ་འགོག་མཉམ་བཅོས་བྱ་བ་ངེས་པར་དུ་མི་དམངས་ལ་བརྟེན་དགོས་ཤིང་།ཁུལ་ཡོངས་ཀྱི་གོང་འོག་ཀུན་སེམས་ཤུགས་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་བྱས་ཚེ་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་བྱ་བར་རྒྱལ་ཁ་ཐོབ་ནས་མི་རིགས་ཁག་གི་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་འགན་ལེན་ཐུབ་ངེས་རེད།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

15选5旋转矩阵