今天是:

གནད་མཐོང་ཆེ་ཤོས།

རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

མདུན་ཤོག > གནད་མཐོང་ཆེ་ཤོས། > རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

ཀྲའོ་ལིན་ཡུན་གྱིས་ཐེ་བོ་རྫོང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་བྱ་བར་ལྟ་བཤེར་ཁྲིད་སྟོན་བྱས་པ།

    ཟླ༡པའི་ཚེས༣༠ནས་ཚེས་༣༡ཉིན།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ།ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་ཐེ་བོ་རྫོང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་གི་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས།   ཀྲའོ་ལིན་ཡུན་གྱིས་སྔ་གཞུག་ཏུ་ཐེ་བོའི་རྫོང་མི་དམངས་སྨན་ཁང་སོགས་དགོན་པ་དང་གྲོང་སྡེ་ལྔ་ལྷག་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཤིང་།ལས་ཐོག་དང་པོའི་སྨན་བཅོས་མི་སྣ་དང་ལས་གནས་སྲུང་བའི་མི་སྣར་འཚམས་འདྲི་བྱས་པ་དང་།སྨན་བཅོས་སྔོན་འགོག་གི་བྱ་བའི་བརྒྱུད་རིམ་ཡོངས་དང་སྨན་བཅོས་ཆ་རྐྱེན།སྨན་བཅོས་ནུས་པ།སྒྲིག་ཆས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས་པ་མ་ཟད། མཉམ་འགོག་མཉམ་བཅོས་བྱ་བར་ཞིབ་ཕྲའི་མཛུབ་སྟོན་དང་བླང་བྱ་ནན་མོ་བཏོན།
   ཀྲའོ་ལིན་ཡུན་གྱིས་རྫོང་མི་དམངས་སྨན་ཁང་གི་ལས་བྱེད་མི་སྣ་ཡོངས་ཀྱིས་སྨན་བཅོས་སྔོན་འགོག་བྱ་བར་གྲ་སྒྲིག་བྱ་དགོས་པ་དང་།རང་འགན་གཙང་སྒྲུབ་བྱེད་པ་དང་ལྷན་དུ་རང་སྲུང་རང་གཅེས་བྱ་དགོས་ཤིང་།རིམས་ནད་སྔོན་འགོག་གི་བྱ་བ་བདེ་བླག་ངང་འགྲུབ་པར་ཁག་ཐེག་བྱ་དགོས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གི་མཛུབ་སྟོན་གྱི་དགོངས་པ་གལ་ཆེན་ལག་ལེན་དོན་འཁྱོལ་བྱས་ནས།ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་གི་བྱ་བ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་འཛིན་དགོས་ཞེས་ནན་གྱིས་བསྟན།  ཁུལ་དཔོན་གཞོན་པའམ་ཐེ་བོ་རྫོང་ཨུའི་ཧྲུའུ་ཅི་རིན་ཆེན་དོན་གྲུབ་ཡང་ཐེངས་འདིའི་ཞིབ་བཤེར་བྱ་བར་ཞུགས།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

15选5旋转矩阵