今天是:

གནད་མཐོང་ཆེ་ཤོས།

རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

མདུན་ཤོག > གནད་མཐོང་ཆེ་ཤོས། > རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

ཡུས་ཁྲིན་ཧུའེ་ཡིས་རིམས་ནད་སྔོན་འགོག་བྱ་བ་སོགས་ལ་ཁྲིད་སྟོན་བྱས་པ།

     ཡུས་ཁྲིན་ཧུའེ་ཡིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དངོས་ཟོག་འགན་ལེན་བྱ་བར་ཞིབ་བཤེར་ཁྲིད་སྟོན་གནང་སྐབས།བྱ་བའི་བྱེད་ཐབས་ཁག་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བ།ཕན་འབྲས་ཡོད་པ།བློ་སེམས་གཅིག་མཐུན་དང་ཕྱར་བ་གྲུ་འདེགས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་འཐབ་རྩོད་ལ་རྒྱལ་ཁ་ལེན་དགོས་པ་ནན་གྱིས་བསྟན།
     ཟླ2པའི་ཚེས1ཉིན་གྱི་ཕྱི་དྲོར།ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ ཁྲིན་ཧུའེ་ཁུལ་མི་དམངས་སྨན་ཁང་དང་གཙོས་གྲོང་ཁྱེར་གྱི་འབྲེལ་ཡོད་ཚོང་རར་སོང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་འཚོ་བའི་མཁོ་སྤྲོད་དངོས་རྫས་ཀྱི་ཚོང་རའི་མཁོ་སྤྲོད་བྱ་བ་ལ་ཞིབ་བཤེར་ཁྲིད་སྟོན་བྱས།ཁོང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་ཀུན་ལས་མཐོ་བ་བློ་ལ་བརྟན་པོར་ངེས་ནས་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་ཞིབ་ཚགས་སུ་གཏོང་བ་དང་དེ་བསྟུན་གྱི་གྲ་སྒྲིག་གང་ལེགས་བྱེད་པ།ཚན་རིག་དང་མཐུན་པའི་ཞིབ་བཤེར་བྱེད་པ།གནད་ འཁེལ་ཕན་ཡོད་ཀྱི་བྱེད་ཐབས་སྤྱད་དེ་རིམས་ནད་བཀག་འགོག་བྱེད་པ།འཚོ་བར་ངེས་པར་དུ་དགོས་པའི་དངོས་ཟོག་གི་དགོས་མཁོ་འགན་ལེན་བྱེད་པ།མི་རིགས་སོ་སོའི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་དགོས་ཞེས་ནན་གྱིས་བསྟན།
    ཁུལ་མི་དམངས་སྨན་ཁང་དུ་ཡུས་ཁྲིན་ཧུའེ་ཡིས་ཡུལ་དངོས་ནས་སྨན་ཁང་གི་ནད་ཁུལ་སྒྱུར་བཀོད་དང་ཚ་རྒྱག་སྒོ་བསྟེན་སྨན་བཅོས་སྒྲིག་བཀོད།སྒྲིག་བཀོད་དང་སྒྲིག་ཆས་འགན་ལེན།སྨན་བཅོས་སྟོབས་ཤུགས་ལ་ཤུགས་བསྣན་པ་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་རྗེས།ཁོང་གིས་ད་ཡོད་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་སྔར་ལས་ལྷག་པར་ཚ་རྒྱག་སྒོ་བསྟེན་སྨན་བཅོས་འཁོར་སྐྱོད་དང་སྔོན་བཤེར་དབྱེ་འབྱེད་སྨན་བཅོས།ལྟ་ཞིབ་ལོགས་སུ་འཇོག་པ།ནད་བརྟག་སྨན་བཅོས་སོགས་ཀྱི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ།ནུས་ཤུགས་ཅི་ཡོད་བཏོན་ནས་སྨན་བཅོས་སྒྲིག་ལམ་ཇེ་ལེགས་དང་སྨན་བཅོས་སྟབས་བདེ་དང་རིམས་ནད་མཆེད་པ་སྔོན་འགོག་བྱ་དགོས་ཞེས་ནན་གྱིས་བསྟན།
    ཡུས་ཁྲིན་ཧུའེ་ཡིས་མིག་སྔར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་རྩོད་དུས་སྐབས་ཡིན་ལ།སྨན་བཅོས་འཕྲོད་བསྟེན་བྱ་བ་འདི་ནི་རིམས་ནད་འགོག་པའི་འགག་རྩའི་ལྷུ་ཚིགས་དང་ལས་ཐོག་དང་བོ་ཡིན་པས་སྨན་ཁང་གི་འགན་འཁྲི་ཧ་ཅང་ལྕི།སྨན་བཅོས་མི་སྣ་ཡི་ནུས་སྟོབས་ཇེ་ཆེར་བཏང་སྟེ་སྨན་བཅོས་སྒྲིག་ཆས་དང་སྨན་བཅོས་དངོས་རྫས།བདེ་འཇགས་འགོག་སྲུང་།ཟད་གྲོན་མཁོ་ཆས་བཅས་བཀོད་སྒྲིག་དང་མཁོ་སྤྲོད་ཡག་པོ་བྱས་ཏེ་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་དགོས་ལ།ཚན་རིག་དང་ཚད་ལྡན་གྱི་བྱེད་ཐབས་སྤྱད་ནས་སྨན་བཅོས་མི་སྣའི་བདེ་འཇགས་འགན་ལེན་བྱ་དགོས་ལ།   བློ་ཐག་རྦད་ཆོད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་།ཞིང་ཆེན་དང་ཁུལ་ཨུའི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ།གཟབ་ནན་གྱིས་ཞིབ་བཤེར་ཞིབ་དཔྱད་ཚད་ལེན་དང་ལོགས་སུ་དབྱེ་ནས་ལྟ་ཞིབ།སྨན་བཅོས་བྱེད་པ།ཆ་འཕྲིན་གོང་ཞུ་སོགས་ཀྱི་བྱ་བའི་བྱེད་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་པ།གཙོ་གནད་མི་སྣ་སྔ་མོ་ནས་ཤེས་རྟོགས་དང་། སྔ་མོ་ནས་སྙན་ཞུ། སྔ་མོ་ནས་ལོགས་སུ་དབྱེ་བ། སྔ་མོ་ནས་ཕན་འབྲས་ཐོན་དགོས་ཞེས་བསྟན།
    རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བར་སྐབས་འདིར།ཡུས་ཁྲིན་ཧུའེ་ཡིས་རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བའི་དངོས་ཟོག་འགན་ལེན་ལའང་དོ་ཁུར་ཆེན་པོ་བྱས།ཧྭ་ལེན་ཚོང་ཁང་དུ་འབྲས་ཐུག་དང་འབྲུ་སྣུམ།སྔོ་ཚལ།ཤིང་ཏོག་སོགས་འཚོ་བའི་མཁོ་ཆས་ཕུན་སུམ་ཚོགས་ལ་མཁོ་སྤྲོད་འདང་ངེས་ཡོད།ཡུས་ཁྲིན་ཧུའེ་ཡིས་ལས་བྱེད་མི་སྣ་དང་དངོས་ཉོའི་མང་ཚོགས་ལ་བྱམས་བརྩེའི་གླེང་མོལ་བྱས་ཏེ་འཚོ་བའི་སྤྱོད་རྫས་སྣ་ཚོགས་ཀྱི་ཡོང་ཁུངས་ལ་འགན་ལེན་ཡོད་མེད་དང་རིན་གོང་བརྟན་པོ་ཡིན་མིན་རྒྱུས་ལོན་བྱས།ཡུས་ཁྲིན་ཧུའེ་ཡིས་ཚོང་ཁང་ནང་གི་ཚོང་ཟོག་ཚང་མའི་སྤུས་ཚད་འགན་ལེན་དང་དུས་མཚུངས་ནུས་ཤུགས་ཡོད་རྒུས་ཚོང་ཟོག་རྒྱུན་མི་ཆད་པ་འགན་ལེན་བྱ་དགོས་པ་དང་།དེར་མ་ཟད་ཚོང་ཁང་གི་འཛུལ་སྒོའི་དྲོད་ཚད་ཞིབ་དཔྱད་ཚད་ལེན་དང་ཆ་འཕྲིན་ཐོ་འགོད།མི་སྣ་ཞིབ་བཤེར་བཅས་ལ་ཤུགས་བསྣན་ཏེ་འཕྲོད་བསྟེན་དོ་དམ་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་དུག་སེལ་རིམས་འགོག་གི་བྱ་བ་ལེགས་པར་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།
      ཡུས་ཁྲིན་ཧུའེ་ཡིས་ལམ་འགྲམ་གྱི་ལམ་འགྲོ་བ་ལ་ཁྱིམ་དུ་བསྡད་ནས་རང་ཉིད་སྲུང་སྐྱོང་དང་རིམས་འགོག་རྒྱུན་ཤེས་ཀྱི་འགོག་སྲུང་གི་གནས་ཚུལ་སོགས་རྒྱུས་ལོན་ཡོད་མེད་དྲིས།ཡུས་ཁྲིན་ཧུའེ་ཡིས་ཁོ་ཚོར་།གཉེན་ཉེ་དང་གྲོགས་པོ་ལའང་ཁ་ཏ་སློབ་གསོ་བྱས་ནས་ཕྱི་ལ་མི་འགྲོ་བ་དང་ཕན་ཚུན་འགྲོ་འོང་མི་བྱེད་པ།ལོ་གསར་གྱི་འཚམས་འདྲི་འགྲོ་འོང་མི་བྱེད་པ་སོགས་བྱས་ཏེ།རང་ཉིད་སྲུང་སྐྱོང་ཡག་པོ་བྱེད་པ་དང་དུས་མཚུངས་སུ་རིམས་ནད་འགོག་རྒོལ་བྱ་བར་བྱས་རྗེས་འཇོག་དགོས་པའི་བླང་བྱ་བཏོན།     


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

15选5旋转矩阵 时时彩前三组选包胆 怎么找股民交流群 澳洲幸运8开奖网站 辽宁快乐12组选遗漏 四肖期期 比较好的炒股app 吉林快三当天推荐号码 加拿大快乐8开奖结果怎么查 新疆11选5开奖结 四川快乐十二任五遗漏走势图 万人炸金花真钱版 河北11选五开奖真准网 广西快三中奖规则 炒股入门书籍 万人龙虎的计划是怎么编排的 宁夏11选5买网址