今天是:

གནད་མཐོང་ཆེ་ཤོས།

རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

མདུན་ཤོག > གནད་མཐོང་ཆེ་ཤོས། > རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

གློ་ཚད་གསར་བ་སྔོན་འགོག་གི་ཤེས་བྱ་ཉུང་ངུ་།

རང་གི་བདེ་ཐང་གཞན་ལའང་ཕན་ཕྱིར་ཏུ།།
གློ་ཚད་གསར་བའི་སྔོན་འགོག་ཐབས་ཤེས་ལ།།
ནན་ཏན་སློབས་ལ་ལག་ལེན་ཚུལ་བཞིན་གྱིས།།
དེ་བཞིན་གཞན་ལའང་དེ་ལུགས་བསྐུལ་བར་མཛོད།།

དང་པོ་ནད་དུག་གང་ནས་འོངས་ཤེ་ན།།
ཕ་ཝང་ལ་སོགས་སྲོག་ཆགས་ལུས་ནས་འོངས།།
དེ་ནས་མི་དང་མི་ཡི་དབར་ལ་མཆེད།།
ད་ལྟ་ལྗོངས་དང་གྲོང་ཁྱེར་གྲོང་གསེབ་དང་།།
རྒྱལ་ཁབ་གླིང་ཆེན་མང་པོར་ཁྱབ་པར་བཞེད།།
དེ་བས་སྔོན་འགོག་ལག་ལེན་ཤེས་བྱ་ལ།།
ལྷོད་པ་གནང་བར་མི་འོས་རིགས་གཅིག་སྤུན།།

གཉིས་པ་འགོ་བའི་ལམ་ནི་གང་ཞེ་ན།།
ཁ་སྣ་མིག་སོགས་བཤད་མོད་ཀྱང་།།
གློ་ཚད་གསར་བའི་ནད་པ་ལ།།
ལག་འཇུ་ལ་སོགས་འབྲེལ་འདྲིས་དང་།།
མཆིལ་མ་ཁ་ཆུ་འདོར་བ་དང་།།
ནད་དུག་འགོས་པའི་ལག་པ་ཡིས།།
ཁ་སྣ་མིག་སོགས་འཕུར་བྱེད་ན།།
གློ་ཚད་འགོ་འགྱུར་ཀུན་གྱིས་གཟབ།།

གསུམ་པ་ནད་རྟགས་གང་དང་ཅི་ཞེ་ན།།
ཚ་བ་རྒྱས་དང་སྐམ་ལུ་དང་།།
མགོ་བོ་ན་ཞིང་ཤ་རྒོད་གཟེར།།
དབུགས་ལམ་གཉན་ཚད་ལ་སོགས་བཤད།།
གཟའ་འཁོར་གཅིག་ཙམ་འདས་པ་ན།།
རིམ་བཞིན་དབུགས་ལེན་དཀའ་བར་འགྱུར།།
འོན་ཀྱང་སྤྱིར་བཏང་ཆམས་རིམས་དང་།།
གློ་ཚད་གསར་བ་འཆུག་མི་བྱ།།

བཞི་བ་གློ་ཚད་གསར་བ་འགོས་ཙམ་གྱིས།།
ནད་རྟགས་དེ་མ་ཐག་པར་མངོན་མི་འགྱུར།།
ཆ་སྙོམས་ནད་དུག་ཞག་བདུན་བག་ལ་ཞ།།
ཐུང་ན་ཞག་གཉིས་ཞག་གསུམ་ཙམ་གྱིས་མངོན།།
རིང་ན་ཞག་མ་བཅུ་དང་བཅུ་གཉིས་དབར།།
བག་ལ་ཞ་སྟེ་ནད་རྟགས་ཕྱིར་མི་མངོན།།

ལྔ་བ་རང་ཉིད་རང་སྲུང་བྱེད་ཐབས་ལ།།
མི་ཚོགས་འདུ་སར་མི་འགྲོ་ཁྱིམ་དུ་བསྡད།།
ཁྱིམ་དུ་མཁའ་དབུགས་གཙང་མ་རྒྱུ་བར་བྱེད།།
གལ་ཏེ་ཅིས་ཀྱང་ཕྱི་རུ་འགྲོ་དགོས་ན།།
ཁ་ཐུམ་ཚད་ལྡན་གྱོན་ཚུལ་ཡང་དག་བྱ།།
ལུད་པ་དང་ནི་ཧབ་སྦྲིད་བརྒྱབ་པ་དང་།།
ཟ་མ་སྐོལ་དང་ཟ་མ་ཟ་བ་དང་།།
ཆབ་ལ་སོང་བ་སོགས་ཀྱི་སྐབས་དག་ཏུ།།
དུས་རྒྱུན་ལག་པ་བཀྲུ་ཞིང་གཙང་སྦྲར་གཟབ།།
ཟ་མ་བཟང་པོ་བཟའ་ཞིང་གཉིད་མི་འཆག།
ཆང་དུད་མི་བྱེད་སེམས་ཁམས་དྭངས་བར་གནས།།
ལུས་པོ་འགུལ་སྐྱོད་འོས་འཚམས་བྱེད་པ་ཡིས།།
རང་གི་རིམས་འགོག་ནུས་པ་བསྲུང་བར་བྱ།།
དེ་མིན་ཆང་བཅུད་བདུན་ཅུ་དོན་ལྔ་༼酒精75°༽པས།།
དོགས་ཡོད་ཅ་དངོས་དག་ལའང་དུག་སེལ་བྱ།།

དྲུག་པ་གློ་ཚད་གསར་བའི་དོགས་པ་དང་།།
ཡང་ན་ནད་རྟགས་འགའ་རེ་ཡོད་འགྱུར་ན།།
དེ་མ་ཐག་པར་རང་སྲུང་གཞན་སྲུང་གི།།
བསམ་པ་བསྐྱེད་དེ་རྫོང་དང་གྲོང་ཁྱེར་གྱི།།
སྨན་ཁང་ཚད་ལྡན་དག་ཏུ་བསྐྱོད་པ་ཡིས།།
ཡོད་མེད་ཡིན་མིན་བརྡར་ཤ་ཆོད་པར་གྱིས།།
གལ་ཏེ་གློ་ཚད་གསར་བ་ཡོད་འགྱུར་ན།།
སྨན་པའི་ངག་ལ་ཉན་ཅིང་རང་སྲུང་བྱེད།།
གཞན་ལ་གནོད་པའི་ཆ་ཀུན་ཡོངས་སུ་སྤངས།།
དུག་གནོན་སྨན་སོགས་ཚུལ་བཞིན་བསྟེན་པར་བྱ།།
གཞན་དུ་གཏམ་འཆལ་ཁུངས་མེད་དང་།།
སྐྲག་དངངས་བསྐྱེད་དང་མགོ་བསྐོར་དང་།།
ཁྲིམས་མཐུན་མིན་དང་རྫུན་ལབ་སོགས།།
ཅིས་ཀྱང་གཟབ་འཚལ་སྙིང་གཏམ་ལགས།།
རྔ་བའི་གསར་འགྱུར་དྲ་བ་ནས།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

15选5旋转矩阵 贵州十一选五任选基本走势 北京快三开奖号码 宜安科技股票行情 体彩北京11选五开奖结果 期货配资流程步骤 福彩3d新口诀 两肖两码 北京赛pk10app 22选5带线走势图 排列七开奖结果走势图 哪里可以买云南快乐十分 江西11选5开奖 手机炒股怎么开户 贵州快三开奖结果基本走势图 青海快3技巧 在线股票诊股