今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ སྔོན་འགོག་ཤེས་བྱ་ལག་དེབ།

༡. ཏོག་དབྱིབས་ནད་དུག་གསར་པ་ནི་ཅི་ཞིག་ཡིན།
ཝུའུ་ཧན་གྲོང་ཁྱེར་ནས་རྒྱུ་རྐྱེན་གང་ཡིན་མི་གསལ་བར་གློ་ཚད་ནད་པའི་དབུགས་ལམ་འོག་མ་ནས་ཏོག་དབྱིབས་ནད་དུག་བྱུང་བ་དེ་གསར་དུ་བྱུང་བའི་ཏོག་དབྱིབས་ནད་དུག་ཅིག་ཡིན་ཞིང་། དེར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགསWHOཡིས༢༠༡༩-nCovཡི་མིང་བཏགས་པ་རེད།
༢. མི་སུ་ཞིག་ལ་ཏོག་དབྱིབས་ནད་དུག་གསར་པ་འགོ་སླ།
རྒྱུན་པར་མི་ཚོགས་ལ་འགོ་སླ། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ནི་ནད་འགོག་ནུས་དམའ་བ་དང་ནད་འགོག་ནུས་རྒྱུན་ལྡན་ཡིན་པའི་མི་ཚང་མར་འགོ་སྲིད་མོད། ནད་དུག་ལ་འབྲེལ་འདྲིས་བྱས་མིན་ལ་འབྲེལ་བ་ངེས་ཅན་ཞིག་ཡོད། ནད་འགོག་ནུས་ཅུང་དམའ་བའི་མི་ཚོགས་ཏེ། དཔེར་ན་རྒན་པ་དང་སྦྲུམ་མ། མཆིན་པ་དང་མཁལ་མ་རྒྱུན་ལྡན་མིན་པ། ཡང་ན་དལ་གཤིས་ནད་ཡོད་པའི་མི་ཚོགས་ལ་འགོས་ཚེ་ནད་སྟབས་ལྷག་པར་ལྕི་མོ་ཡིན།
༣. ཏོག་དབྱིབས་ནད་དུག་གསར་པའི་འགོས་ཁྱབ་རྒྱུ་ལམ་ནི་གང་དག་ཡིན།
འགོས་ཁྱབ་བྱེད་སྟངས་གཙོ་བོ་ནི་མཆིལ་ཟེགས་འགོས་ཁྱབ་དང་། འབྲེལ་འདྲིས་འགོས་ཁྱབ༼ལག་པ་མི་གཙང་བས་རང་གིས་རང་ལ་འགོས་པ་ཡང་འདུ༽། ད་དུང་ཆེ་ཆུང་མི་འདྲ་བའི་དབུགས་རྒྱུ་ལམ་གྱི་དབུགས་བཞུ་སྤྱིན་ལ་ཉེ་བར་བཅར་ན་ཡང་འགོས་ཁྱབ་བྱ། མིག་སྔར་ཐག་ཉེ་ས་ནས་མཆིལ་ཟེགས་འགོས་ཁྱབ་བྱེད་པ་ནི་རྒྱུ་ལམ་གཙོ་བོ་ཡིན།
༤. ཏོག་དབྱིབས་ནད་དུག་གསར་པ་མི་ཕན་ཚུན་བར་འགོ་ཐུབ་བམ།
གཅིག་འདུའི་ནད་དཔེ་སྐོར་ཞིག་གི་ནད་བྱུང་སྟངས་ཀྱི་གོ་རིམ་ལ་གཞིགས་ན། མི་ཡིས་མི་ལ་འགོ་བའི་ཁྱད་ཆོས་མངོན་པར་གསལ་མོད། འགོས་ཁྱབ་ཀྱི་ཁྱབ་ཁོངས་ངེས་ཅན་ཞིག་ཡོད།
༥. མཆིལ་ཟེགས་འགོས་ཁྱབ་ཟེར་བ་ནི་ཅི་ཞིག་ཡིན།
མཆིལ་ཟེགས་ཞེས་པ་ནི་རྒྱུན་པར་ཚངས་ཐིག་ཝེ་སྨི༥ཡན་གྱི་མཆིལ་མའི་ཟེགས་མར་གོ། མཆིལ་ཟེགས་ནི་བར་ཐག་ངེས་ཅན༼རྒྱུན་པར་སྨི༡༽ནས་འབྱར་སྐྱིའི་ཕྱི་ངོས་སུ་འགོས་འགྲོ།
མཆིལ་ཟེགས་ཐོན་ཚུལ་ནི།
༡༽ ལུད་པ་ལུ་བ་དང་། ཧབ་སྦྲིད་བྱེད་པ།
༢༽ དབུགས་ཁ་འཚང་བ། དཔེར་ན། ཁ་ལུད་མིད་པ་དང་། གློ་ཡུ་སྦུག་འཛུགས། ཨ་ལོག་རྒྱག་པ། རྒྱབ་རྡུང་བ་སོགས་ཀྱིས་ལུད་པ་སློང་བ་དང་གློ་སྙིང་སླར་གསོ་སོགས།
༦. འབྲེལ་འདྲིས་འགོས་ཁྱབ་ཟེར་བ་ནི་ཅི་ཞིག་ཡིན།
ཐད་ཀར་ཀྱི་འབྲེལ་འདྲིས་བྱས་པ་སྟེ། ནད་གདོད་གཟུགས་འབྱར་སྐྱིའམ་ཡང་ན་སྐྱི་པགས་ལ་ཐད་ཀར་ཐུག་རེག་བྱས་ནས་འགོས་ཁྱབ་བྱས་པར་གོ།
༡༽ ཁྲག་རྒྱུན་ནམ་ཁྲག་འདུས་གཤེར་ཁུ་འབྱར་སྐྱིའམ་ཡང་ན་རྨ་ཁ་ནས་མི་ལུས་ལ་འགོ་བ།
༢༽ ཐད་ཀར་ཀྱི་འབྲེལ་འདྲིས་ནང་དུ་ནད་གདོད་གཟུགས་ཤིག་གི་ཟགས་ཐོན་རྫས་ཀྱིས་འགོས་ཁྱབ་བྱེད་པ་ཡང་འདུས།
༧. འབྲེལ་འདྲིས་བྱས་མཁན་ཟེར་བ་ནི་ཅི་ཞིག་ཡིན།
ཉིན༡༤ནང་ལ་ནད་དུག་ཕོག་ཡོད་པའམ་ཡང་ན་ནད་དཔེའི་དོགས་གཞི་ཆེ་བའི་མི་དང་མཉམ་དུ་འཚོ་བ་རོལ་བའམ་བྱ་བ་ལས་པའི་མི་ལ་གོ།
དེར་གཞུང་ལས་ཁང་གཅིག་པའི་ལས་གྲོགས་དང་། སློབ་ཁང་དང་ཉལ་ཁང་གཅིག་པའི་ལས་གྲོགས་དང་སློབ་གྲོགས། འགྲུལ་འཁོར་གཅིག་པའི་འགྲུལ་བ་སོགས་འདུས། ད་དུང་རྣམ་པ་གཞན་པའི་འབྲེལ་འདྲིས་བྱས་མཁན་ལ། ནད་དུག་ཕོག་ཡོད་པའི་ནད་པའི་ནད་རོགས་དང་། བསྡད་ཟིན་པའི་གླ་བྱེད་རླངས་འཁོར། བསྡད་མྱོང་བའི་གློག་སྐས་སོགས་འདུས་ཡོད།
༨. འབྲེལ་འདྲིས་བྱས་མཁན་གྱིས་མཉམ་འཇོག་བྱ་དགོས་ས།
ནད་འགོས་ཡོད་པའི་དོགས་གཞི་ཅན་ལ་འབྲེལ་འདྲིས་བྱས་པའི་མི༼དེར་སྨན་པ་ཡང་འདུ༽ ཚང་མས་ཉིན༡༤རིང་ལ་བདེ་ཐང་ལྟ་ཞིབ་བྱ་དགོས། ལྟ་ཞིབ་བྱེད་ཡུན་ནི་ནད་པར་འབྲེལ་འདྲིས་བྱས་པའི་ཉི་མ་གཞུག་མ་ནས་བརྩི་དགོས། དེའི་ནང་ནད་རྟགས་གང་ཞིག་བྱུང་རུང་། ནང་སྒོས་སུ་ཚ་བ་རྒྱས་པ་དང་། དབུགས་ལམ་གྱི་ནད་རྟགས་ཏེ་དཔེར་ན་ལུད་པ་ལུ་བ་དང་དབུགས་རྒྱུན་འཚུབ་པ། ཁོག་པ་བཤང་བ་སོགས་བྱུང་ཚེ། མྱུར་དུ་སྨན་བཅོས་བྱ་དགོས།
༩. འབྲེལ་འདྲིས་བྱས་མཁན་ལ་ལྟ་རྟོག་བྱེད་སྐབས་ཀྱི་བསམ་འཆར།
༡༽ གལ་ཏེ་འབྲེལ་འདྲིས་བྱས་མཁན་ལ་ནད་རྟགས་བྱུང་ཚེ། སྔོན་ལ་སྨན་ཁང་ལ་བརྡ་རྒྱག་དགོས། དེ་ནས་སྨན་ཁང་དུ་འགྲོ་དགོས།
༢༽ སྨན་ཁང་དུ་འགྲོ་བའི་ལམ་ནས་ནད་པས་ངེས་པར་དུ་སྨན་བཀོལ་ཁ་ཐུམ་རྒྱག་དགོས།
༣༽ སྤྱི་སྤྱོད་འགྲུལ་འཁོར་ལ་མི་འདུག་པར་མྱུར་སྐྱོབ་རླངས་འཁོར་རམ་ཡང་ན་སྒེར་གྱི་རླངས་འཁོར་གྱིས་ནད་པ་སྐྱེལ་དགོས། གལ་ཏེ་འོས་པ་ཡིན་ན་ལམ་བར་ནས་རླངས་འཁོར་གྱི་སྒེའུ་ཁུང་ཕྱེ་དགོས།
༤༽ ནད་བྱུང་བའི་མི་དང་འབྲེལ་འདྲིས་དམ་པོ་བྱེད་མཁན་གྱིས་དུས་དང་རྣམ་པ་ཀུན་ཏུ་དབུགས་ལམ་གྱི་འཕྲོད་བསྟེན་རྒྱུན་འཁྱོངས་དང་ལག་པ་གཉིས་གཙང་འཁྲུད་བྱ་དགོས། ལམ་དང་སྨན་ཁང་ནས་ལངས་སམ་འདུག་པའི་སྐབས་སུ། གང་ཐུབ་ཀྱིས་མི་གཞན་དང་རིང་དུ་གྱེས་དགོས། ༼མ་མཐའ་ཡང་སྨི་གཅིག་གི་བར་ཐག་ཡོད་དགོས།༽
༥༽ དབུགས་ལམ་གྱི་ཟགས་ཐོན་གཤེར་རྫས་སམ་ལུས་གཤེར་བཙོག་པས་སྦགས་པའི་དངོས་པོ་ལ་དུག་སེལ་སྨན་རྫས་ཀྱིས་གཙང་བཟོ་དང་དུག་སེལ་བྱ་དགོས།
༡༠. ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་ཀྱི་ནད་པ་ལ་ནད་རྟགས་ཅི་ཞིག་ཡོད།
ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་ཀྱི་ནད་རྟགས་གཙོ་བོ་ནི་ཚ་བ་རྒྱས་པ་དེ་ཡིན་ལ། ཆབས་ཅིག་ཏུ་སྐམ་ལུ་ཡང་མོ་ཙམ་དང་། ཐང་ཆད་པ། དབུགས་འབྱིན་རྔུབ་མི་བདེ་བ། བཤལ་བ་སོགས་ཀྱི་ནད་རྟགས་ཀྱང་མངོན་གྱི་ཡོད། སྣབས་ཆུ་བཞུར་བ་དང་གློ་ལུ་འཕར་བ་ཉུང་ཉུང་རེད།  ནད་པ་ཁ་ཤས་ཀྱི་ནད་རྟགས་ཅུང་ཡང་མོ་ཡིན་པས་ཚ་བ་མི་རྒྱས་ཀྱང་། མགོ་ན་བ་དང་། སེམས་འཚབ་པ། བྲང་འཚང་བ། འབྲེལ་སྐྱིའི་གཉན་ནད་འཕར་བ། ཡན་ལག་བཞི་དང་རྐེད་རྒྱབ་ཀྱི་ཤ་གནད་ཅུང་ཙམ་ན་བའི་ནད་རྟགས་ཐོན་གྱིན་འདུག ནད་པ་ཁ་ཤས་ལ་གཟའ་འཁོར་གཅིག་གི་རྗེས་སུ་དབུགས་འབྱིན་རྔུབ་དཀའ་བའི་ནད་རྟགས་ཐོན་གྱི་ཡོད་པ་དང་། ལྕི་མོའི་རིགས་ཀྱི་ནད་ཚབས་མྱུར་དུ་ཇེ་སྡུག་ལ་འགྲོ་སྲིད།  ནད་པ་མང་ཆེ་བ་དྲག་བསྐྱེད་འབྱུང་བ་དང་ནད་པ་ཉུང་ཤས་ཀྱི་ནད་ཚབས་ཇེ་ཆེར་ཕྱིན་ཏེ་ཐ་ན་ཤི་བའང་ཡོད།
༡༡. ནད་ཐོག་ཏུ་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་ཀྱི་ནད་དཔེ་ངོས་འཛིན་བྱེད་སྐབས་ཆ་རྐྱེན་གཉིས་དང་མཐུན་དགོས།
༡༽ རིམས་ནད་རིག་པའི་ལོ་རྒྱུས་ནི། ནད་མ་བྱུང་བའི་སྔོན་གྱི་གཟའ་འཁོར་གཉིས་ཀྱི་ནང་ཝུའུ་ཧན་གྲོང་ཁྱེར་ནས་ཡུལ་སྐོར་རམ་བསྡད་མྱོང་བའམ་ཡང་ན་ནད་མ་བྱུང་བའི་ཉིན༡༤ཡི་སྔོན་དུ་ཝུའུ་ཧན་ནས་ཡོང་བའི་ཚ་རྒྱས་དབུགས་ལམ་གྱི་ནད་རྟགས་ཡོད་པའི་ནད་པ་དང་འབྲེལ་འདྲིས་བྱས་པ། སྡོད་ཁུལ་དུ་འགོས་ནད་མཆེད་པའི་གནས་ཚུལ་ཡོད་པ། འདུས་འཛོམས་རང་བཞིན་གྱི་ནད་དཔེ་ཁྲོད་ཀྱི་ནད་པ་ཡིན་མིན། མི་གཞན་ལ་རིམས་ནད་བགོས་ཡོད་མེད་སོགས་ཀྱི་ལོ་རྒྱུས་དང་། ཝུའུ་ཧན་གྲོང་ཁྱེར་གྱི་འབྲེལ་ཡོད་ཁྲོམ་ར་དང་ལྷག་པར་དུ་ཞིང་ཞོར་ཉོ་ཚོང་ཁྲོམ་ར་ལ་ཐད་ཀར་རམ་གཞན་བརྒྱུད་ཀྱིས་འབྲེལ་འདྲིས་བྱས་པའི་ལོ་རྒྱུས་ཡིན།
༢༽ ནད་ཐོག་མངོན་ཚུལ་ནི། ཚ་བ་རྒྱས་པ་དང་། ནད་དུག་རང་བཞིན་གྱི་གློ་ཚད་ཀྱི་གཟུགས་བརྙན་རིག་པའི་ཁྱད་ཆོས་ལྡན་པ། ནད་རིམས་ཀྱི་ཐོག་མའི་དུས་སྐབས་སུ་ཕྲ་ཕུང་དཀར་བོའི་སྤྱི་གྲངས་རྒྱུན་ལྡན་ནམ་ཡང་ན་ཇེ་དམའ་རུ་འགྲོ་བ། རྨེན་བུའི་ཕྲ་ཕུང་གི་གྲངས་ཀ་ཇེ་ཉུང་དུ་འགྲོ་བ།
ནད་དཔེ་ལ་ལྟ་ཞིབ་བྱས་པའི་རྨང་གཞིའི་ཐོག་ལུད་པ་དང་གྲེ་ཕྱིས་སོགས་དབུགས་ལམ་གྱི་དམར་དཔེ་འཚོལ་བསྡུ་བྱས་ནས་ནད་དུག་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་ན་ནད་རྐྱེན་རིག་པའི་ངོས་འཛིན་འདོན་ཐུབ།
༡༢. ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས།
༡༽ འགོ་ཁུངས་དང་རིང་དུ་གྱེས་པ། ཚད་ལྡན་གྱི་ཐབས་ལམ་བརྒྱུད་དེ་རྣམ་པ་གསར་བའི་ནད་དུག་གི་གློ་ཚད་གནས་ཚུལ་ལ་དོ་ཁུར་བྱས་ཏེ་རིམས་ནད་ཐོན་བཞིན་པའི་ས་ཁུལ་དུ་བསྐྱོད་རྒྱུ་སྔོན་འགོག་བྱ་དགོས། བཀག་སྡོམ་དང་མཁའ་རླུང་འཁོར་རྒྱུག་མི་བྱེད་པའི་མི་ཚོགས་འདུ་ས་དང་མི་མང་གཅིག་སྡུད་བྱེད་པའི་གནས་སུ་མི་འགྲོ་ཞིང་། དགོས་གལ་བྱུང་ཚེ་ཁ་ཐུམ་རྒྱག་དགོས། སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ལ་འདུག་དུས་ཕྱི་ནད་ཚན་ཁག་གི་ཁ་ཐུམ་རྒྱག་དགོས།རི་དྭགས་རྔོན་པའམ་རི་སྐྱེས་སྲོག་ཆགས་ཀྱི་ཤ་འཚོང་འགྲེམས་དང་། ཉོ་སྒྲུབ། ལས་སྣོན། བཟའ་བཅའ་བྱེད་པ་གཏན་འགོག་བྱ་དགོས། འགོག་སྲུང་མེད་པའི་གནས་ཚུལ་འོག་རི་སྐྱེས་སྲོག་ཆགས་དང་སྲོག་ཆགས་གསོ་ཚགས་བྱེད་པར་འཛེམ་དགོས། སྲོག་ཆགས་གསོན་པོ༼བྱ་རིགས་དང་། རྒྱ་མཚོའི་ཐོན་རྫས། རི་སྐྱེས་སྲོག་ཆགས་སོགས༽འཚོང་བའི་ཁྲོམ་རར་སྐྱོད་མི་རུང་། སྒོ་ཕྱུགས་དང་རི་དྭགས་ནད་པ་མི་བཤའ་ལ། དེ་དག་གི་ཤའང་བཟའ་མི་རུང་བས།  བདེ་འཇགས་བཟའ་བཏུང་གི་གོམས་གཤིས་ལེགས་པོ་ཞིག་ཆགས་སུ་འཇུག་དགོས། ཟས་རྗེན་པ་དང་བཙོས་མའི་ཚོད་གདན་དང་ཚལ་གཏུབ་ཀྱི་དབྱེ་བ་དགར་དགོས་པ་དང་། ཁྱིམ་གྱི་ཤ་དང་སྒོ་ང་བཙོས་ནས་ཚོས་དགོས་ལ། ཚ་རྒྱག་པ་དང་གློ་ལུ་བ་སོགས་ཀྱི་ནད་རྟགས་ཡོད་པའི་མི་སུ་ཞིག་ཡིན་རུང་ཉེ་སར་མི་བཏུད་པ་དང་། ནད་གཡོག་དང་སྨན་བཅོས་བྱེད་སྐབས་ངེས་པར་དུ་འོས་འཚམ་གྱི་ཁ་ཐུམ་རྒྱག་དགོས།
༢༽ གཙང་སྦྲར་དོ་སྣང་བྱ་དགོས། གློ་ལུ་བ་དང་ཧབ་སྦྲིད་རྒྱག་སྐབས་ལག་ཕྱིས་དང་གྲུ་མོས་སྣ་བཀབ་ནས་མཆིལ་མ་མཆེད་པར་སྔོན་འགོག་བྱ་དགོས། གང་བྱུང་དུ་ཁ་ལུད་མི་་འཕེན་པར་ཁ་སྣའི་ཟགས་ཐོན་གཤེར་རྫས་ཤོག་བུས་བཏུམས་ནས་སྙིགས་སྒམ་ནང་གཡུགས་དགོས། ལག་པ་གཉིས་ཀྱི་གཙང་སྦྲ་རྒྱུན་འཁྱོངས་བྱས་ནས་མིག་དང་། སྣ། ཁ་ལ་རེག་རྒྱུ་ཇེ་ཉུང་དུ་གཏོང་དགོས། གློ་ལུ་བ་དང་ཟ་མ་མ་ཟོས་པའི་སྔོན། བཤང་གཅི་དོར་བའི་རྗེས། ཡང་ན་སྲོག་ཆགས་ཀྱི་བཤང་གཅི་ལ་རེག་པའི་རྗེས་རྣམས་སུ་ཆུ་རྒྱུན་གྱིས་ལག་པ་བཀྲུ་བའམ་ཡང་ན་ཆང་བཅུད་ཀྱི་གྲུབ་ཆ་འདུས་པའི་འཁྲུད་རྫས་སྤྱོད་དགོས། གཞན་དང་མཉམ་དུ་ཆུ་ཕོར་དང་། གསོལ་ཆས། ལག་ཕྱིས། སོ་ཤད་སོགས་ཀྱི་དངོས་རྫས་མཉམ་སྤྱོད་མི་བྱེད་པ་དང་།  ཁྱིམ་ཆས་དང་ཟས་སྣོད་ཀྱི་གཙང་སྦྲ་རྒྱུན་འཁྱོངས་བྱེད་ཅིང་། གྱོན་ཆས་དང་ཉལ་གོས་ཉི་མར་ལྡེ་དགོས། 
༣༽ སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་བར་བྱེད་པ། ཁང་བའི་ནང་གི་མཁའ་རླུང་གི་འཁོར་རྒྱུག་རྒྱུན་འཁྱོངས་བྱ་དགོས། གལ་ཏེ་མཐའ་འཁོར་དུ་དབུགས་ལམ་གྱི་ནད་རྟགས་ཡོད་པའི་ནད་པ་ཡོད་ཚེ། རླུང་རྒྱུ་བ་དང་དབུགས་བརྗེ་བའི་ཐེངས་གྲངས་མང་དུ་གཏོང་དགོས་པ་དང་། སྒེའུ་ཁུང་ཕྱེ་སྐབས་ཐད་རྒྱུག་རླུང་ལ་འཛེམ་ཟོན་གྱིས་དྲོད་སྲུང་ལ་དོ་སྣང་བྱ་དགོས།
༤༽ ནད་འགོག་ནུས་པ་ཇེ་དྲག་ཏུ་གཏོང་བ། བདེ་ཐང་གི་འཚོ་བ་སྐྱེལ་སྟངས་རྒྱུན་འཁྱོངས་བྱ་དགོས། དཔེར་ན་ལུས་རྩལ་སྦྱོང་བརྡར་ལ་ཤུགས་སྣོན་པ་དང་། ངལ་གསོ་ལ་དོ་སྣང་བྱས་ཏེ་ངལ་དུབ་ཚད་བརྒལ་མི་ཡོང་བ་དང་། སྔོ་ཚལ་དང་ཤིང་ཏོག་མང་ཙམ་བཟའ་བ། ཆུ་མང་ཙམ་བཏུང་་བ། ལུས་ཁམས་ཀྱི་ནད་འགོག་ནུས་པ་ཆེ་རུ་གཏོང་བ་བཅས་བྱ་དགོས།
༡༣. ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ལ་དོན་དངོས༩ཡོད་པ་ནི།
༡༽ ནད་དུག་དེ་སྨུག་ཕྱིའི་འོད་ཐིག་དང་ཚ་དྲོད་ལ་ཚོར་བ་སྐྱེན་པོ་ཡོད།
༢༽ དྲོད་ཚད་ཏུའུ༥༦དང་། སྐར་མ༣༠། དབྱི་སྨི་སྦྲིད་སྨན། ཆང་བཅུད་བརྒྱ་ཆའི༧༥། ཁིལ་འདུས་པའི་དུག་སེལ་སྨན་རྫས། དབྱང་བརྒལ་ཁ་སྐྱུར། ཁིལ་འདྲ་བཟོ་སོགས་ཚིལ་ཞུ་རྫས་ཀྱིས་ནད་དུག་གསོད་ཐུབ། གསལ་འདེབས། ཁིལ་གྱིས་ནད་དུག་གསོད་མི་ཐུབ།
༣༽ ནད་ཁུངས་གཙོ་བོ་ནི། ད་ཆར་ཤེས་ཟིན་ལྟར་ན་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཕོག་ཡོད་པའི་ནད་པ་ཡིན།
༤༽ འགོས་ལམ་གཙོ་བོ་ནི། དབུགས་ལམ་དུ་མཆིལ་ཟེགས་སོང་བ་དང་། ཐུག་རེག་བྱས་ནས་འགོས་པ་ཡིན།
༥༽ མི་ཚོགས་ལ་འགོ་སླ་ཞིང་། རྒན་པ་དང་ནད་རྟིང་ཡོད་མཁན་ཚོར་ཕོག་ཚེ་ནད་སྟབས་ལྕི། བྱིས་པ་དང་ཁྱེའུ་ལ་ཡང་འགོ་རྒྱུ་ཡོད།
༦༽ ནད་རྟགས་མི་མངོན་པའི་དུས་ཡུན་ནི། སྤྱིར་བཏང་དུ་ཉི་མ༣ནས༧བར་ཡིན་ཞིང་། ཆེས་འགོར་ན་ཡང་ཉི་མ༡༤ལས་བརྒལ་གྱི་མེད།
༧༽ ནད་རྟགས་གཙོ་བོ་ནི་ཚ་བ་རྒྱག་པ་དང་། ནུས་ཤུགས་མེད་པ། སྐམ་ལུ་བྱེད་པ་བཅས་ཡིན་མོད། མི་ལ་ལར་སྣ་ཁུང་འཚང་བ་དང་། སྣ་ཆུ་བཞུར་པ། ཁོག་པ་བཤལ་བ་སོགས་ཀྱི་ནད་རྟགས་ཀྱང་ཐོན་གྱི་ཡོད། ཚབས་ཆེན་པོ་དང་ཉེན་ཁ་ཡོད་པའི་ནད་པ་ནད་གྱིས་མནར་རིང་ཚ་བ་ཆེན་པོ་མི་རྒྱག་པ་དང་། ཐ་ན་མངོན་གསལ་དོད་པའི་ཚ་བ་མི་རྒྱག་པའང་ཡོད།
༨༽ ནད་པ་ཕལ་ཆེ་བར་སྨན་བཅོས་བྱས་རྗེས་ཕན་འབྲས་ལེགས་པོ་ཐོན་གྱི་ཡོད་ལ། ནད་པ་ཕྲུ་གུ་ཡིན་ཚེ་བལྟོས་བཅས་ཀྱིས་ནད་ལྕི་མོ་མེད། ཤི་བའི་ནད་པ་མང་ཆེ་བ་ནི་རྒས་འཁོགས་དང་གཅོང་ནད་སོགས་ནད་རྙིང་ཡོད་མཁན་ཡིན།
༩༽ ལོགས་སུ་མི་དགར་བ་དང་སྨན་ཁང་ནས་ཐོན་པའི་ཚད་གཞི་ནི་གཟུགས་པོའི་དྲོད་ཚད་ཉིན་གསུམ་ཡན་རྒྱུན་གཏན་ལྟར་ཡིན་པ་དང་། དབུགས་ལམ་གྱི་ནད་རྟགས་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ། དབུགས་ལམ་གྱི་ནད་གཞིའི་ཉིང་སྐྱུར་ལ་བརྟག་དཔྱད་བྱས་པས་ཐེངས་གཉིས་བསྟུད་མར་ནད་དུག་མེད་པ་བཅས་ཡིན་དགོས་སོ།།
གཉིས་པ། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རྒྱུན་པར་སྔོན་འགོག་བྱེད་ཐབས།
མིག་སྔའི་ནད་ཡམས་ཀྱི་ངོས་འཛིན་ལ་གཞིགས་ནས་བཟོས་པའི་ཕྱོགས་སྟོན་འདི་ནད་ཡམས་མཆེད་པའི་རིང་སྤྱི་དམངས་སྒེར་གྱི་སྔོན་འགོག་མཛུབ་སྟོན་ལ་སྤྱོད་ཆོག
གཅིག གང་ཐུབ་ཀྱིས་ཕྱི་ཕྱོགས་བྱེད་སྒོ་ཉུང་དུ་གཏོང་དགོས།
༡. ནདརིམས་མཆེད་བཞིན་པའི་ས་ཁུལ་དུ་འགྲོ་བ་སྔོན་འགོག་བྱ་དགོས།
༢. ལོ་སར་རིང་གཉེན་ཉེ་དང་གྲོགས་པོར་འཚམས་འདྲི་དང་འདུ་འཛོམས་ཉུང་དུ་བཏང་ནས་ཁྱིམ་དུ་ངལ་གསོ་གང་ཐུབ་བྱེད་དགོས་པའི་གྲོས་གཞི་བཏོན་པ་ཡིན།
༣. མི་མང་འདུ་འཛོམས་བྱ་ཡུལ་དང་། ལྷག་པར་དུ་མཁའ་རླུང་གི་འཁོར་རྒྱུག་ཞན་པའི་ས་ཆར་འགྲོ་བ་ཇེ་ཉུང་གཏོང་རྒྱུ་སྟེ། དཔེར་ན་སྤྱི་སྤྱོད་ཁྲུས་རྫིང་དང་། ཆུ་ཚན། གློག་བརྙན་ཁང་། དྲ་ཁང་། KTV  ཚོང་ར། རླངས་འཁོར་འབབ་ཚིགས། གནམ་གྲུ་ཐང་། གྲུ་ཁ། འགྲེམས་སྟོན་ཁང་སོགས།
གཉིས། མི་སྒེར་གྱི་འགོག་སྲུང་དང་ལག་པའི་འཕྲོད་བསྟེན།
༡. ཕྱི་རུ་འགྲོ་དུས་ཁ་ཐུམ་རྒྱག་པ། ཕྱི་ཕྱོགས་ཀྱི་སྤྱི་བའི་འདུ་གནས་དང་། སྨན་བཅོས། སྤྱི་བའི་འགྲིམ་འགྲུལ་ཡོ་བྱད་བཅས་ལ་སྐྱོད་སྐབས་སྨན་སྤྱོད་ཕྱི་ནད་ཚན་ཁག་གི་ཁ་ཐུམ་མམ་ཡང་ན་N95ཁ་ཐུམ་རྒྱག་དགོས།
ཁ་ཐུམ་ཇི་ལྟར་འདེམས་དགོས།
བདམས་གསེས་དང་བོ། ཐེངས་གཅིག་སྨན་སྤྱོད་ཁ་ཐུམ་བརྒྱབ་སྟེ་བསྟུད་མར་ཆུ་ཚོད་བཞི་ལ་གྱོན་ནས་བརྗེ་དགོས། སྦགས་བཙོག་དང་རློན་པ་བྱས་དུས་མྱུར་དུ་བརྗེ་དགོས།
བདམས་གསེས་གཉིས་པ། N95སྨན་སྤྱོད་ཀྱི་འགོག་སྲུང་ཁ་ཐུམ་་བསྟུད་མར་ཆུ་ཚོད་བཞི་ལ་གྱོན་ཏེ་བརྗེ་དགོས། སྦགས་བཙོག་དང་རློན་པ་བྱས་དུས་མྱུར་དུ་བརྗེ་དགོས།
རས་ཀྱི་ཁ་ཐུམ་དང་མཚོ་བལ་ཁ་ཐུམ་་ཚང་མ་འོས་སྦྱོར་མི་བྱེད།
སྨན་སྤྱོད་ཁ་ཐུམ་གྱི་བཀོལ་སྤྱོད་བྱེད་ཐབས།
༡༽ ཁ་དོག་ཅུང་སྟུག་པ་ནི་མདུན་ངོས་ཡིན་ལ། མདུན་ངོས་ནི་ཕྱི་ལ་གཏད་དགོས་པར་མ་ཟད། སྨན་སྤྱོད་ཁ་ཐུམ་སྟེང་དུ་ད་དུང་ལྕགས་རིགས་ཀྱི་སྣ་འཛིན་ཡོད།
༢༽ ངོ་ལ་གཏད་པ་ནི་སྨན་སྤྱོད་ཁ་ཐུམ་གྱི་ལྡོག་ངོས་ཡིན་དགོས་ལ། ཁ་དོག་ཅུང་སྲབ་པའི་ངོས་ཀྱང་ཡིན་དགོས། དེ་ལས་གཞན། ལྕགས་རིགས་ཡོད་པའི་ཆ་ཤས་ནི་ཁ་ཐུམ་གྱི་སྟེང་ཕྱོགས་སུ་འཇོག་དགོས་པ་ལས། ལྡོག་ཕྱོགས་སུ་གྱོན་མི་རུང་།
༣༽ ཁ་ཐུམ་གྱི་མདུན་ངོས་དང་། ལྡོག་ཕྱོགས། གོང་སྣེ། འོག་སྣེ་བཅས་དབྱེ་འབྱེད་གསལ་བོ་བྱས་རྗེས་སྔོན་ལ་ལག་པ་གཙང་མར་བཀྲུས་ནས་ཁ་ཐུམ་གཏན་འཁེལ་བྱས་ཏེ་སྣེ་གཉིས་ཀྱི་ལུང་ཐག་རྣ་ཅོག་སྟེང་དུ་འགེལ་དགོས།
༤༽ གོམ་རིམ་མཐའ་མ་དེ་ཡང་གོང་དུ་བཤད་མྱོང་བའི་ལྕགས་རིགས་ཀྱི་གནད་དོན་ཡིན་ཏེ། ཁ་ཐུབ་གྱོན་རྗེས། ལག་པ་གཉིས་ཀྱིས་སྣ་གདོང་གཡས་གཡོན་གྱི་ལྕགས་རིགས་སྐུད་པ་མནན་ཏེ། ཁ་ཐུམ་གྱི་སྟེང་དུ་སྣ་གདུང་དམ་པོར་འབྱར་དུ་འཇུག་དགོས་པ་དང་། དེ་ནས་ཁ་ཐུམ་མར་དུ་འཐེན་ནས་ལྟེབ་གཉེར་མི་ཆགས་པར་བྱ་དགོས་ལ། རབ་ཡིན་ན་སྣ་དང་མཆུ་ཏོ་བཀབ་ན་བཟང་།
དམིགས་བསལ་མི་ཚོགས་ཀྱིས་ཁ་ཐུམ་ཇི་ལྟར་རྒྱག་དགོས། 
༡༽ སྦྲུམ་མས་འགོག་སྲུང་ཁ་ཐུམ་རྒྱག་སྐབས་རང་ཉིད་ཀྱི་གཟུགས་པོའི་ཆ་རྐྱེན་དང་ཟུང་འབྲེལ་བྱས་ཏེ་བག་ཕེབས་རང་བཞིན་ཅུང་ལེགས་པའི་ཐོན་རྫས་འདེམས་དགོས།
༢༽ རྒན་པ་དང་གློ་སྙིང་གི་ནད་དམ་་དལ་ཡམས་ཅན་གྱིས་ཁ་ཐུམ་གྱོན་ན་མི་བདེ་བའི་ཚོར་བ་འབྱུང་བ་དང་། ཐ་ན་སྔར་ཡོད་ནད་གཞི་ཇེ་ལྕི་རུ་འགྲོ་བས། སྨན་པའི་ཆེད་ལས་མཛུབ་སྟོན་ལ་བསྟུན་དགོས།
༣༽ བྱིས་པ་ནི་སྐྱེ་འཚར་གྱི་དུས་རིམ་དུ་གནས་པ་དང་དེའི་གདོང་གི་དབྱིབས་ཆུང་བས་བྱིས་པའི་འགོག་སྲུང་ཁ་ཐུམ་འདེམས་དགོས།
༢. དུས་དང་རྣམ་པ་ཀུན་ཏུ་ལག་པའི་གཙང་སྦྲ་རྒྱུན་འཁྱོངས་བྱ་དགོས། སྤྱི་བའི་འདུ་གནས་དང་འབྲེལ་བ་ཡོད་པའི་སྤྱི་བའི་དངོས་རྫས་རེག་རྒྱུ་ཉུང་དུ་གཏོང་དགོས། མི་མང་འདུ་འཛོམ་བྱ་ཡུལ་ནས་ཕྱིར་ལོག་པའམ་གློ་ལུ་སྐབས་ལག་པས་ཁ་ཟུམ་པ། ཟ་མ་མ་ཟོས་གོང་དང་བཤང་གཅི་དོར་བའི་རྗེས་བཅས་ལ་ལག་པ་བཀྲུ་བའམ་ཡང་ན་འདག་རྫས་ཀྱིས་ལག་པ་བཀྲུ་བ་དང་། ཆང་བཅུད་ཀྱི་གྲུབ་ཆ་འདུས་པའི་འདག་ཁུ་སྤྱོད་དགོས། ལག་པ་གཙང་མ་ཡིན་མིན་མི་ཤེས་ཚེ། ལག་པས་ཁ་སྣ་དང་མིག་ལ་རེག་མི་རུང་། ཧབ་སྦྲིད་རྒྱག་པ་དང་གློ་ལུ་བའི་སྐབས་སུ་ལག་པའི་གྲུ་མོས་ཁ་སྣ་འགེབ་དགོས།
ཡང་དག་པའི་སྒོ་ནས་ལག་པ་བཀྲུ་བའི་གོ་རིམ་དྲུག
གོ་རིམ་དང་པོ། ལག་པ་གཉིས་ཀྱིས་ལག་པ་བཀྲུ་རེས་བྱེད།༼ལག་ངོས་སྦྱར་ནས་འཕུར་བ།༽
གོ་རིམ་གཉིས་པ། ལག་པ་བསྣོལ་ནས་ལག་མཛུབ་སྲུབས་བཀྲུ་བ།༼ལག་པའི་མདུན་རྒྱབ་གཏོད་པ། ལག་པ་བསྣོལ་ནས་བཀྲུ་བ། ལག་པ་གཡས་གཡོན་བརྗེ་བ།༽
གོ་རིམ་གསུམ་པ། ལག་མཐིལ་སྦྱར་ནས་མཛུབ་བར་བཀྲུ་བ།༼ལག་པའི་ངོ་གཉིས་མཉམ་དུ་སྦྱར། མཛུབ་བཅུ་བསྣོལ་ནས་ཐེངས་ལྔར་བཀྲུ།༽
གོ་རིམ་བཞི་པ། སོར་རྩེ་ལག་པའི་མཐིལ་ལ་བཀྲུ། ལག་པ་གཡས་གཡོན་གཅིག་མཚུངས་ཡིན།༼སོར་རྩེ་ལག་པའི་མཐིལ་ལ་སྦྱོར། ཕན་ཚུན་དབུར་བཀྲུ་ཐེངས་ལྔར་བྱ།༽
གོ་རིམ་ལྔ་བ། ལག་གཅིག་མཐེ་བོ་འཆང་སྟེ་བཀྲུ། གཡས་གཡོན་གཉིས་ཀ་ཐེངས་ལྔ་རེ།
གོ་རིམ་དྲུག་པ། མཛུབ་མོ་གུག་ནས་ཚིགས་མགོ་བཀྲུ། བརྗེ་རེས་བྱས་ནས་ཐེངས་ལྔ་ལ་འཕུར།
གསུམ། བདེ་ཐང་ལྟ་ཞིབ།
༡. རང་འགུལ་གྱིས་མི་སྒེར་དང་ཁྱིམ་མིའི་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་ཡག་པོ་བྱེད་དགོས་པ་དང་། ཚ་བ་རྒྱས་སྐབས་རང་འགུལ་ངང་ལུས་དྲོད་འཇལ་དགོས། ཁྱིམ་དུ་བྱིས་པ་ཡོད་ན་ནངས་དགོང་གཉིས་སུ་བྱིས་པའི་ཐོད་པ་ལ་རེག་དགོས། གལ་ཏེ་ཚ་བརྒྱབ་ན་ལུས་དྲོད་འཇལ་དགོས།
༢. དོགས་གཞི་ཡོད་པའི་ནད་རྟགས་ཐོན་ཚེ་རང་འགུལ་ངང་ཁ་ཐུམ་བརྒྱབ་ནས་དུས་ཐོག་ཏུ་ཐག་ཉེ་ས་ནས་སྨན་བཅོས་བྱེད་དགོས། གལ་ཏེ་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་དོགས་པ་ཡོད་པའི་ནད་རྟགས་(ཚ་རྒྱས་པ་དང་། གློ་ལུ་བ། མིད་པ་ན་བ། དབུགས་ལེན་དཀའ་བ།  ནུས་སྟོབས་ཞན་པ། སེམས་ཤུགས་མེད་པ། སྐྱུག་མེར་ལངས་པ། སྐྱུག་པ། ཁོག་པ་བཤལ་བ། མགོ་ན་བ། སྙིང་གི་སྐྱི་ནད། རྐང་ལག་བཞི་དང་རྐེད་རྒྱབ་ཀྱི་ཤ་གནད་ན་བ་སོགས་འདུས)བྱུང་ན། ནད་གཞི་ལྟར་སྨན་བཅོས་ལས་ཁུངས་སུ་སོང་ནས་སྨན་བཅོས་བྱ་དགོས། ས་འོག་ལྕགས་ལམ་དང་སྤྱི་སྤྱོད་རླངས་འཁོར་སོགས་འགྲིམ་འགྲུལ་ཡོ་བྱད་ནང་སྡོད་རྒྱུ་དང་མི་ཚོགས་འདུ་འཛོམས་ཆེ་སར་སྐྱོད་རྒྱུ་འགོག་བྱོལ་གང་ཐུབ་བྱ་དགོས། སྨན་པར་བསྟེན་སྐབས་རང་འགུལ་གྱིས་རང་ཉིད་ནད་རིགས་ཁྱབ་རྒྱ་ཆེ་བའི་ས་ཁུལ་དུ་ཡུལ་སྐོར་ལ་སོང་བའི་སྐོར་དང་། དེ་མིན་ནད་བྱུང་རྗེས་མི་སུ་དང་འཕྲད་མྱོང་བ་སོགས་སྨན་པ་ལ་བཤད་དེ་འབྲེལ་ཡོད་བརྟག་དཔྱད་ལ་མཐུན་སྦྱོར་བྱ་དགོས།
བཞི། འཕྲོད་བསྟེན་དང་བདེ་ཐང་གི་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱེད་དགོས།
༡. ཁང་པའི་ནང་དུ་སྒེའུ་ཁུང་ཕྱེ་ནས་རྒྱུན་དུ་རླུང་རྒྱུ་བ།
༢. ཁྱིམ་ཚང་གི་ཁོངས་མིས་ཐུན་མོང་ཐོག་ལག་རས་མི་སྤྱོད་པ་དང་། ཁྱིམ་ཆས་དང་ཟ་སྣོད། འཐུང་ཆས་བཅས་གཙང་མར་རྒྱུན་འཁྱོངས་བྱེད་པ།
༣. གང་སར་ཁ་ལུད་མི་འཕེན་པ་དང་། ཁ་ལུ་དང་སྣ་ལུ་ངེས་ངར་ཏུ་ཤོག་བུས་བཏུམས་ནས་གད་སྙིག་སྒམ་ནང་འཕེན་དགོས།
༤. འཚོ་བཅུད་ལ་དོ་སྣང་བྱས་ནས་འགུལ་བསྐྱོད་འོས་འཚམ་བྱེད་དགོས།
༥. རི་སྐྱེས་སྲོག་ཆགས་ལ་འབྲེལ་འདྲིས་བྱེད་པ་དང་ཉོ་སྒྲུབ་བྱེད་པ། སྲོག་ཆགས་གསོན་པོའི༼བྱ་རིགས་དང་། རྒྱ་མཚོའི་ཐོན་རྫས། རི་སྐྱེས་སྲོག་ཆགས་སོགས༽འཚོང་རར་སྐྱོད་མི་རུང་།
༦. སུ་ཚང་ཡིན་རུང་ངེས་པར་ཏུ་ལུས་དྲོད་འཇལ་ཆས་དང་། སྨན་སྤྱོད་ཕྱི་ནད་ཚན་ཁག་གི་ཁ་རས་སམ་ཡང་ནN༩༥ཁ་ཐུམ། ཁྱིམ་སྤྱོད་དུག་སེལ་སྨན་རྫས་སོགས་གྲ་སྒྲིག་བྱ་དགོས།
གསུམ་པ། ཁྱིམ་ཚང་གིས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་སྔོན་འགོག་བྱེད་ཐབས།
མིག་སྔར་རིམས་ནད་འདིར་ངོས་ཟིན་ཐོབ་པ་ལྟར་བྱེད་ཐབས་འདི་གཏན་འབེབས་བྱས་པ་ཡིན་ཞིང་། གཙོ་བོ་ཁྱིམ་ཚང་གིས་བཀོལ་དགོས།
གཅིག རྒྱུན་ལྡན་གྱི་སྔོན་འགོག
༡. རིམས་ནད་མཆེད་དྲགས་པའི་ས་ཆར་མ་འགྲོ།
༢. མི་ཚོགས་འདུ་སར་འགྲོ་རྒྱུ་ཇེ་ཉུང་ཐོངས། ནང་སྒོས་སུ་མཁའ་དབུགས་རྒྱུ་དཀའ་བའི་ས་ཆ་སྟེ། དཔེར་ན་གཞུང་ཁྲུས་དང་། ཆུ་ཚན། གློག་བརྙན་ཁང་། དྲ་ཁང་། གླུ་རྩེད་ཁང་། ཚོང་ར། རླངས་འཁོར་ས་ཚིགས། གནམ་ཐང་། གྲུ་ཁ། འགྲེམ་སྟོན་ཁང་སོགས།
༣. རི་སྐྱེས་སྲོག་ཆགས་ལ་འབྲེལ་འདྲིས་དང་ཉོ་འཚོང་མ་བྱེད། རྔོན་ཟས་མ་ཟ། སྲོག་ཆགས་གསོན་པོ༼ཁྱིམ་བྱ། རྒྱ་མཚོའི་ཐོན་རྫས། རི་སྐྱེས་སྲོག་ཆགས་སོགས༽བཙོང་སའི་ཁྲོམ་རར་མ་འགྲོ། ཤ་དང་དེ་སྒོང་བཟའ་ན་ཚོས་ཐག་ཆོད་བྱས་ནས་ཟ་དགོས།
༤. སྡོད་ཤག་གི་གཙང་སྦྲ་རྒྱུན་འཁྱོངས་བྱ་དགོས། སྒེའུ་ཁུང་ཕྱེ་ནས་རྒྱུན་དུ་རླུང་རྒྱག་ཏུ་འཇུག་དགོས།
༥. ལག་པ་གཉི་གའི་གཙང་སྦྲ་རྒྱུན་འཁྱོངས་བྱ་དགོས། མི་མང་ཚོགས་སའི་སྤྱི་རྫས་ཀྱི་སྟེང་དུ་རེག་རྒྱུ་ཇེ་ཉུང་བྱ་དགོས། མི་མང་ཚོགས་ས་ནས་ཕྱིར་སླེབས་རྗེས་དང་། ལུད་པ་ལུ་དུས་ལག་པས་གཡོལ་རྗེས། ཟ་མ་ཟ་བའི་སྔ་གཞུག་བཅས་ལ་ལག་པ་ཁྲུས་ཆུའམ་འདག་རྫས་བཀོལ་ནས་བཞུར་ཆུས་ལག་པ་བཀྲུ་དགོས། ཡང་ན་ཆང་བཅུད་འདུས་པའི་ལག་པ་ཁྲུས་ཆུས་བཀྲུ་དགོས། ལག་པ་གཙང་མ་ཡིན་མིན་གསལ་ཐག་མི་ཆོད་དུས་ལག་པས་ཁ་མིག་སྣ་གསུམ་ལ་མ་རེག ཧབ་སྦྲིད་དམ་ལུད་པ་ལུ་དུས་ལག་པའི་གྲུ་ཁུག་གིས་ཁ་སྣ་སུམ་དགོས།
༦. ཕྱི་རོལ་ལ་འགྲོ་དུས་ཁ་ཐུམ་རྒྱག་དགོས། ཕྱི་རོལ་གྱི་མི་ཚོགས་འདུ་སའམ་ཡང་ན་སྨན་ཁང་དུ་འགྲོ་དུས་དང་། སྤྱི་སྤྱོད་འགྲུལ་འཁོར་དུ་འདུག་དུས་སྨན་བཀོལ་ཁ་ཐུམ་ལམ་ཡང་ནN95ཁ་ཐུམ་རྒྱག་དགོས།
༧. གཙང་སྦྲ་དང་བདེ་ཐང་གི་གོམས་གཤིས་ཡག་པོ་རྒྱུན་འཁྱོངས་བྱ་དགོས། བཟའ་མི་ཚོས་ལག་ཕྱིས་གཅིག་མཉམ་དུ་མི་བཀོལ་བ་དང་། ཁྱིམ་ཆས་དང་གསོལ་ཆས་རྒྱུན་དུ་གཙང་མ་བྱ་དགོས། གོན་པ་དང་ཉུལ་ཐུལ་ཉི་མ་ལྡེ་དགོས། གང་ས་གང་དུ་ཁ་ལུད་མི་འཕེན་པར། ཁ་ཆུ་སྣ་ཆུ་ཡོད་ཚེ་གཙང་ཤོག་གིས་བཏུམས་རྗེས་སྙིགས་སྒམ་དུ་གཡུགས་དགོས། འཚོ་བཅུད་ལ་མཉམ་འཇོག་དང་སྦྱོང་བརྡར་ལ་འབད་པ་བྱ་དགོས།
༨. རང་འགུལ་གྱིས་རང་ཉིད་དང་བཟའ་མིའི་བདེ་ཐང་ཚད་འཇལ་བྱ་དགོས། ཚ་བ་རྒྱས་བཞིན་པར་འདོད་ཚེ་རང་འགུལ་གྱིས་ཚ་དྲོད་འཇལ་དགོས། ཁྱིམ་ཚང་ལ་བྱིས་པ་ཡོད་ཚེ་སྔ་དགོང་གཉིས་ལ་བྱིས་པའི་དཔྲལ་བར་རེག་ནས། གལ་ཏེ་ཚ་བ་རྒྱས་ཡོད་ན་ལུས་ཕུང་གི་ཚ་དྲོད་འཇལ་དགོས།
༩. རྒྱུན་མཁོའི་དངོས་པོ་གྲ་སྒྲིག་བྱ་དགོས། ཁྱིམ་ནང་དུ་ལུས་ཕུང་ཚ་དྲོད་འཇལ་ཆས་ཤིག་དང་། ཁ་ཐུམ་ཐེངས་གཅིག་མ། ཁྱིམ་ཚང་གིས་བཀོལ་རྒྱུའི་དུག་སེལ་མཁོ་ཆས་སོགས་གྲ་སྒྲིག་བྱ་དགོས།
གཉིས། བཟའ་མིར་ནད་རྟགས་ཀྱི་དོགས་པ་བྱུང་དུས་ཀྱི་བསམ་འཆར།
༡. གལ་ཏེ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་ནད་རྟགས༼དཔེར་ན། ཚ་བ་རྒྱས་པ་དང་། ལུད་པ་ལུ་བ། མགྲིན་པ་ན་བ། བྲང་ཁ་མི་བདེ་བ། དབུགས་འབྱིན་རྔུབ་དཀའ་བ། ལུས་ཤུགས་ཟད་པ། ངལ་དུབ་བྱེད་པ། སྐྱུག་ལོག་པ། ཁོག་པ་བཤང་བ། མགོ་ན་བ། སེམས་འཚབ་པ། མིག་སྐྱི་འགེབ་པ། རྐང་ལག་བཞི་བོའམ་རྐེད་རྒྱབ་ཀྱི་ཤ་གནད་ལ་ན་ཟུག་སྐྱེ་བ་སོགས་ཀྱི་ནད་རྟགས༽བྱུང་ཚེ། ནད་ཀྱི་གནས་ཚུལ་ལྟར་དུས་ཐོག་ཏུ་སྨན་བཅོས་བྱ་དགོས།
༢. ས་འོག་ལྕགས་ལམ་དང་སྤྱི་སྤྱོད་རླངས་འཁོར་སོགས་སྤྱི་སྤྱོད་འགྲུལ་ཆས་ནང་མ་འདུག མི་ཚོགས་མང་པོ་འདུ་སར་མ་འགྲོ།
༣. སྨན་པར་སྟོན་པའི་སྐབས་སུ་རང་འགུལ་གྱིས་སྨན་པར་རང་ཉིད་རིམས་ནད་ཡོད་སའི་ས་ཆ་ནས་ཡུལ་སྐོར་དང་གནས་སྡོད་བྱས་མ་བྱས་ཀྱི་གནས་ཚུལ་དང་། ནད་བྱུང་རྗེས་མི་གཞན་ལ་འབྲེལ་འདྲིས་བྱས་ཡོད་མེད་དྲང་མོར་བཤད་ནས། སྨན་པས་དེ་བསྟུན་གྱིས་བརྟག་དཔྱད་བྱ་རྒྱུར་རམ་འདེགས་བྱ་དགོས།
༤. ནད་པའི་བཟའ་མི་ཚོས་ངེས་པར་དུ་ཁ་ཐུམ་རྒྱག་དགོས། ནད་རྟགས་མེད་པའི་བཟའ་མི་གཞན་པ་ཚོ་དང་བར་ཐག་བཀྱེད་ནས། ཐག་ཉེ་ནས་ཐུག་རེག་བྱེད་མི་ཉན།
༥. གལ་ཏེ་བཟའ་མི་ཞིག་ལ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་འགོས་ཡོད་པ་ཐག་བཅད་ལ། བཟའ་མི་གཞན་པ་ཚོ་གལ་ཏེ་འབྲེལ་འདྲིས་བྱས་མཁན་དུ་ཐག་གཅོད་བྱས་ཚེ། ཉིན༡༤རིང་ལ་གསོ་རིག་ལྟ་ཞིབ་དང་ལེན་བྱ་དགོས།
༦. ནད་རྟགས་ཡོད་པའི་བཟའ་མི་རྒྱུན་དུ་འབྲེལ་འདྲིས་བྱ་སའི་ས་ཆ་དང་དངོས་པོ་ལ་དུག་སེལ་བྱ་དགོས།
བཞི་བ། མི་མང་འདུ་སར་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་སྔོན་འགོག་བྱེད་ཐབས།
མིག་སྔར་རིམས་ནད་འདིར་ངོས་ཟིན་ཐོབ་པ་ལྟར་བྱེད་ཐབས་འདི་གཏན་འབེབས་བྱས་པ་ཡིན་ཞིང་། གཙོ་བོ་ཚོང་ར་དང་། ཟ་ཁང་། གློག་བརྙན་ཁང་། གླུ་རྩེད་ཁང་། དྲ་ཁང་། གཞུང་ཁྲུས། ལུས་རྩལ་ཁང་། འགྲེམ་སྟོན་ཁང་། མེ་འཁོར་ས་ཚིགས། ས་འོག་ལྕགས་ལམ། གནམ་ཐང་། སྤྱི་སྤྱོད་རླངས་འཁོར་ས་ཚིགས་སོགས་མི་མང་ཚོགས་སར་བཀོལ་དགོས།
༡. མི་མང་ཚོགས་སའི་བྱ་བྱེད་མི་སྣས་རང་འགུལ་གྱིས་བདེ་ཐང་ཚད་ལེན་བྱ་དགོས། གལ་ཏེ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་ནད་རྟགས༼དཔེར་ན། ཚ་བ་རྒྱས་པ་དང་། ལུད་པ་ལུ་བ། མགྲིན་པ་ན་བ། བྲང་ཁ་མི་བདེ་བ། དབུགས་འབྱིན་རྔུབ་དཀའ་བ། ལུས་ཤུགས་ཟད་པ། ངལ་དུབ་བྱེད་པ། སྐྱུག་ལོག་པ། ཁོག་པ་བཤང་བ། མགོ་ན་བ། སེམས་འཚབ་པ། མིག་སྐྱི་འགེབ་པ། རྐང་ལག་བཞི་བོའམ་རྐེད་རྒྱབ་ཀྱི་ཤ་གནད་ལ་ན་ཟུག་སྐྱེ་བ་སོགས་ཀྱི་ནད་རྟགས༽བྱུང་ཚེ། ནད་ཡོད་བཞིན་དུ་ལས་ཚོགས་སུ་ཞུགས་མི་དགོས།
༢. གལ་ཏེ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་ནད་རྟགས་དོགས་པ་ཅན་ཡོད་པ་ཤེས་ཚེ། བྱ་བྱེད་མི་སྣས་ས་དེ་དང་ཁ་འབྲལ་དགོས་པའི་རེ་བ་འདོན་དགོས།
༣. སྤྱི་རྫས་དང་རེག་ཟིན་པའི་སྤྱི་རྫས་སམ་རེག་ས་ལ་དུས་ལྟར་གཙང་འཁྲུད་དང་དུག་སེལ་བྱ་དགོས།
༤. མི་མང་ཚོགས་སའི་མཁའ་དབུགས་འཁོར་རྒྱུགས་རྒྱུན་འཁྱོངས་བྱ་དགོས། མཁའ་དབུགས་སྙོམས་སྒྲིག་འཕྲུལ་ཆས་དང་རླངས་དུད་ཕྱིར་གཏོང་འཕྲུལ་ཆས་རྒྱུན་འཁོར་ཐུབ་པར་ཁག་ཐེག་བྱ་དགོས། དུས་ལྟར་མཁའ་དབུགས་སྙོམས་སྒྲིག་འཕྲུལ་ཆས་ཀྱི་དྲ་ཚགས་ལ་གཙང་སྦྲ་བྱ་དགོས་ཤིང་། སྒེའུ་ཁུང་ཕྱེ་ནས་རླུང་རྒྱུགས་རྒྱུར་ཤུགས་སྣོན་དགོས།
༥. སྤྱོད་ཁང་ནང་དུ་ལག་པ་ཁྲུས་ཆུ་འདང་ངེས་ཤིག་འཇོག་དགོས་ཤིང་། ཆུ་སྒོ་གཅུས་ཕུར་སོགས་ཆུ་འདོན་སྒྲིག་ཆས་རྒྱུན་བཀོལ་ཐུབ་པར་ཁག་ཐེག་བྱ་དགོས།
༦. ཁོར་ཡུག་གི་གཙང་སྦྲ་རྒྱུན་འཁྱོངས་བྱ་དགོས་ལ། དུས་ལྟར་གད་སྙིགས་མར་གཡུགས་དགོས།
༧. རིམས་ནད་རྒྱུགས་ཆེ་བའི་ས་ཆའི་སྤྱི་དམངས་ཚོ་མི་མང་ཚོགས་སར་འགྲོ་རྒྱུ་ཇེ་ཉུང་གཏོང་དགོས། ནང་སྒོས་སུ་མི་ཚོགས་ཀྱི་འདུ་འཛི་ཆེ་ས་དང་མཁའ་དབུགས་འཁོར་རྒྱུགས་ཞན་སར་མ་འགྲོ།
ལྔ་བ། སྤྱི་སྤྱོད་འགྲིམ་འགྲུལ་སྐབས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་སྔོན་འགོག་བྱེད་ཐབས།
མིག་སྔར་རིམས་ནད་འདིར་ངོས་ཟིན་ཐོབ་པ་ལྟར་བྱེད་ཐབས་འདི་གཏན་འབེབས་བྱས་པ་ཡིན་ཞིང་། གཙོ་བོ་གནམ་གྲུ་དང་། མེ་འཁོར། ས་འོག་ལྕགས་ལམ། སྤྱི་སྤྱོད་རླངས་འཁོར། གྲུ་གཟིངས་སོགས་སྤྱི་སྤྱོད་འགྲུལ་ཆས་ལ་བཀོལ་དགོས།
༡. རིམས་ནད་རྒྱུགས་ཆེ་སའི་ས་ཆའི་སྤྱི་སྤྱོད་འགྲུལ་ཆས་ཀྱི་ལས་ཐོག་བྱ་བྱེད་མི་སྣས་ངེས་པར་དུ་སྨན་བཀོལ་ཁ་ཐུམ་ལམ་ཡང་ནN95ཁ་ཐུམ་རྒྱག་དགོས་པ་མ་ཟད། ཉིན་རེར་བདེ་ཐང་ཚད་ལེན་བྱ་དགོས།
༢. སྤྱི་སྤྱོད་འགྲུལ་ཆས་ནང་དུ་ལུས་ཕུང་ཚ་དྲོད་འཇལ་ཆས་དང་ཁ་ཐུམ་སོགས་གྲ་སྒྲིག་བྱ་དགོས།
༣. སྤྱི་སྤྱོད་འགྲུལ་ཆས་ནང་དུ་གཙང་སྦྲ་དང་དུག་སེལ་གྱི་ཐེངས་གྲངས་ཇེ་མང་གཏོང་དགོས་ལ། གཙང་སྦྲ་དང་དུག་སེལ་བྱས་པ་ཟིན་ཐོར་བཀོད་ཅིང་མཚོན་རྟགས་རྒྱག་དགོས།
༤. སྤྱི་སྤྱོད་འགྲུལ་ཆས་ལ་རླུང་རྒྱུགས་སུ་འཇུག་རྒྱུ་རྒྱུན་འཁྱོངས་བྱ་དགོས།
༥. རླངས་འཁོར་ས་ཚིགས་དང་འཁོར་སྒམ་ནང་གི་གཙང་སྦྲ་རྒྱུན་འཁྱོངས་བྱ་དགོས་ཤིང་། དུས་ལྟར་གད་སྙིགས་མར་གཡུགས་དགོས།
༦. ལས་བྱེད་མི་སྣ་དང་ལས་རེས་ཀྱི་བཀོད་སྒྲིག་ཡག་པོ་བྱས་ནས། ཁ་ལོ་བས་ངལ་གསོ་ཡག་པོ་ཐུབ་རྒྱུར་ཁག་ཐེག་བྱ་དགོས།
དྲུག་པ། ལས་ཁུངས་ནས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་སྔོན་འགོག་བྱེད་ཐབས།
མིག་སྔར་རིམས་ནད་འདིར་ངོས་ཟིན་ཐོབ་པ་ལྟར་བྱེད་ཐབས་འདི་གཏན་འབེབས་བྱས་པ་ཡིན་ཞིང་། གཙོ་བོ་རིམ་པ་སོ་སོའི་ལས་ཁུངས་དང་། ཁེ་ལས་ལས་དོན་སྡེ་ཚན་གྱིས་བཀོལ་དགོས།
༡. ལས་ཀར་ཞུགས་པའི་ལམ་བར་དུ་བཀོལ་ཐེངས་གཅིག་ཅན་གྱི་སྨན་པའི་ཁ་བཏུམ་རྒྱག་དགོས། གང་ཐུབ་ཀྱིས་སྤྱི་སྤྱོད་འགྲིམ་འགྲུལ་འཁོར་ལོ་ལ་མི་འདུག་པར། རྐང་ཐང་དུ་འགྲོ་བ་དང་། རྐང་འཁོར་བཞོན་པ།ཡང་ན་སྒེར་གྱི་རླངས་འཁོར་དང་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ལ་བསྡད་ནས་ལས་ཀར་འགྲོ་དགོས། གལ་ཏེ་ངེས་པར་དུ་སྤྱི་སྤྱོད་འགྲིམ་འགྲུལ་འཁོར་ལོ་ལ་འདུག་དགོས་ཚེ། ལམ་ཐག་ཧྲིལ་བོར་ཁ་བཏུམ་རྒྱག་དགོས།ལམ་བར་དུ་ལག་པས་རླངས་འཁོར་ནང་གི་དངོས་པོར་རེག་མི་རུང་།
༢. གཞུང་ལས་ཁང་དུ་མ་འཛུལ་གོང་རང་འགུལ་ངང་ལུས་དྲོད་བརྟག་དཔྱད་དང་ལེན་བྱེད་དགོས། ལུས་དྲོད་ཚད་ལྡན་ཡིན་ན་ད་བཟོད་ལས་ཀར་ཞུགས་ཆོག་པར་མ་ཟད། གཙང་སྤྱོད་ཁང་དུ་ལག་པ་གཙང་མར་འཁྲུ་དགོས། གལ་ཏེ་ལུས་དྲོད37.2℃ལས་བརྒལ་ཚེ། ཐོག་ཁང་དུ་སོང་ནས་ལས་ཀ་ལས་མི་ཆོག་ལ། ཁྱིམ་དུ་ལོག་སྟེ་ངལ་གསོ་བྱེད་དུ་འཇུག་དགོས། དགོས་ངེས་ཀྱི་སྐབས་སུ་སྨན་ཁང་དུ་སོང་ནས་སྨན་པར་སྟོན་དགོས།
༣. གཞུང་ལས་ཁང་གི་ཁོར་ཡུག་གི་གཙང་སྦྲར་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཉིན་རེར་ཁང་བའི་ནང་རླུང་རྒྱུག་ཐེངས3རེ་དང་ཐེངས་རེར་སྐར་མ20ནས30བར་ཡིན་དགོས། རླུང་རྒྱུག་སྐབས་ལྭ་བ་དྲོན་པོ་གྱོན་དགོས། མི་དང་མིའི་བར་བར་ཐག་སྨི་ཡན་ཡོད་པ་རྒྱུན་འཁྱོངས་བྱ་དགོས་པ་དང་མི་མང་པོས་གཞུང་དོན་སྒྲུབ་སྐབས་ཁ་བཏུམ་རྒྱག་དགོས། ལག་པ་ཡང་ཡང་བཀྲུ་བ་དང་ཆུ་མང་ཙམ་འཐུང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཟ་མ་མ་བཟས་གོང་དང་གཙང་སྤྱོད་དུ་སོང་རྗེས་རིམ་པ་དྲུག་གི་ལག་པ་འཁྲུ་ཐབས་རྒྱུན་འཁྱོངས་བྱེད་དགོས། ཕྱིའི་མི་ཡོང་ཚེ་ཕྱོགས་གཉིས་ཀས་ཁ་བཏུམ་བརྒྱབ་ནས་སྣེ་ལེན་བྱེད་དགོས།
༤. ཚོགས་འདུར་ཞུགས་སྐབས་ཁ་བཏུམ་བརྒྱབ་ཏེ་ཚོགས་ཁང་དུ་སོང་ནས་ལག་པ་བཀྲུས་ཏེ་དུག་སེལ་བྱེད་དགོས། ཚོགས་མིའི་བར་སྨི1ཡན་གྱི་བར་ཐག་ཡོད་དགོས། གཅིག་བསྡུས་ཀྱི་ཚོགས་འདུ་འཚོག་ཚད་ཉུང་དུ་གཏོང་བ་དང་ཚོགས་འདུའི་དུས་ཚོད་ལ་ཚོད་འཛིན་བྱེད་པ། ཚོགས་འདུའི་དུས་ཚོད་རིང་དྲགས་སྐབས་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུག་ཐེངས1བྱེད་དགོས། ཚོགས་འདུ་གྲོལ་རྗེས་ཚོགས་ར་དང་ཅ་ལག་ངེས་པར་དུ་དུག་སེལ་བྱེད་དགོས། ཇ་སྤྱོད་ཡོ་བྱད་ཆུ་ཁོལ་ནང་དུ་སྦང་ནས་དུག་སེལ་བྱེད་དགོས།
༥. ཟ་ཁང་དུ་ཟ་མ་ཟ་སྐབས་རང་ས་ནས་བཟའ་བ་ལས་མི་མང་བོ་འདུ་འཛོམས་བྱ་མི་རུང་། ཟ་ཁང་གིས་ཉིན་རེར་དུག་སེལ་ཐེངས་རེ་བྱེད་པ་དང་། གསོལ་ཅོག་དང་རྐུབ་སྟེགས་སྤྱད་རྗེས་ཐེངས་རེར་དུག་སེལ་བྱེད་དགོས། ཟ་སྣོད་འཐུང་ཆས་ངེས་པར་དུ་དྲོད་ཚད་མཐོན་པོས་དུག་སེལ་བྱེད་དགོས། གཡོས་སྦྱོར་ཁང་དུ་གཙང་ཞིང་སྐམ་ཤས་ཆེ་བ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཟས་རིགས་རློན་པ་དང་བཙོས་མ་བསྲེས་ནས་སྤྱོད་མི་ཆོག་མ་ཟད། ཤ་རིགས་རློན་པ་མི་ཟ་བ། འཚོ་བཅུད་ཀྱི་ཟ་མ་སྡེབ་པ་དང་བྲོ་བ་འཇམ་པོ་བཟའ་རྒྱུ།
༦. ལས་ཀ་གྲོལ་རྗེས་ལག་པ་བཀྲུས་ནས་ཐེངས་གཅིག་ཅན་གྱི་སྨན་སྤྱོད་ཁ་བཏུམ་རྒྱབ་ནས་ཕྱིར་འགྲོ་བ་དང་ཁྱིམ་དུ་ལོག་རྗེས་ཁ་བཏུམ་བླངས་ནས་ཐོག་མར་ལག་པ་བཀྲུས་ནས་དུག་སེལ་བྱེད་དགོས། དུག་སེལ་ལག་ཕྱིས་རློན་པའམ་ཡང་ན་75%ཡི་ཆང་བཅུད་ཀྱིས་ལག་ཁྱེར་ཁ་པར་དང་ལྡེ་མིག་འབྱིད་དགོས། སྡོད་ཁང་དུ་རླུང་རྒྱུག་པ་དང་གཙང་སྦྲ་རྒྱུན་འཁྱོངས་བྱས་ནས་མི་མང་པོ་འདུ་འཛོམས་མི་བྱེད་པ་བྱེད་དགོས།
༧. གཞུང་དོན་ཉོ་སྒྲུབ་བྱེད་སྐབས་ཁ་བཏུམ་བརྒྱབ་ནས་མི་ཚོགས་མང་བར་གཡོལ་དགོས། མི་དང་འབྲེལ་གཏུག་བྱེད་པར་སྨི1ཡན་གྱི་བར་ཐག་རྒྱུན་འཁྱོངས་བྱས་ནས་མི་མང་འདུ་འཛོམས་བྱ་ཡུལ་དུ་ཡུན་རིང་འདུག་མི་རུང་།
༨.  ཉིན་རེར་སྒོ་ཁྱམས་དང་བར་ཁྱམས། ཚོགས་ཁང་། གློག་སྐས། ཐོག་སྐས། གཙང་སྤྱོད་སོགས་ལ་དུག་སེལ་བྱེད་དགོས་པ་དང་། གང་ཐུབ་ཀྱིས་རླངས་གཏོར་དུག་སེལ་བྱེད་དགོས། ས་གནས་རེ་རེར་སྤྱོད་པའི་གཙང་སྦྲའི་ཡོ་བྱད་སོ་སོར་བཀར་ནས་བསྲེས་མི་རུང་།
༩. གཞུང་དོན་ཕྱིར་སྐྱོད་བྱེད་སྐབས་རླངས་འཁོར་ནང་ཁུལ་དང་སྒོ་འཛིན་ལ་ཉིན་རེར་75%ཡི་ཆང་བཅུད་ཀྱིས་ཐེངས་གཅིག་ཕྱི་བདར་བྱེད་དགོས། འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ལ་འདུག་ན་ངེས་པར་དུ་ཁ་བཏུམ་རྒྱག་དགོས། འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་བེད་སྤྱོད་བྱས་རྗེས75%ཡི་ཆང་བཅུད་ཀྱིས་རླངས་འཁོར་ནང་དང་སྒོ་འཛིན་ཕྱིས་ནས་དུག་སེལ་བྱེད་དགོས།
༡༠. ཞབས་ཞུ་མི་སྣ་དང་། བདེ་སྲུང་མི་སྣ། གཙང་སྦྲ་མི་སྣ་བཅས་ཀྱིས་ལས་ཀ་བྱེད་སྐབས་ངེས་པར་དུ་ཁ་བཏུམ་རྒྱག་དགོས་པ་མ་ཟད། ཕན་ཚུན་བར་བདེ་འཇགས་ཀྱི་བར་ཐག་རྒྱུན་འཁྱོངས་བྱེད་དགོས། ཟ་ཁང་གི་ཉོ་སྒྲུབ་མི་སྣའམ་ཡང་ན་དངོས་ཟོག་མཁོ་འདོན་མི་སྣས་ངེས་པར་དུ་ཁ་བཏུམ་དང་ཐེངས་གཅིག་རང་བཞིན་གྱི་འགྱིག་གི་ལག་ཤུབས་གྱོན་པ་ལས་ཐད་ཀར་ཤ་དང་བྱ་རིགས་ཀྱི་ཐོན་རྫས་ལ་ཐུག་རྒྱུར་སྔོན་འགོག་བྱེད་དགོས་པ་དང་། ལག་ཤུབས་ཕུད་རྗེས་དུས་ཐོག་ཏུ་ལག་པ་བཀྲུས་ནས་དུག་སེལ་བྱེད་དགོས། གཙང་སྦྲ་བྱེད་མཁན་གྱིས་བྱ་བ་སྒྲུབ་སྐབས་ཐེངས་གཅིག་ཅན་གྱི་འགྱིག་བཟོས་ལག་ཤུབས་གྱོན་ནས་བྱ་བ་མཇུག་རྫོགས་རྗེས་ལག་པ་བཀྲུས་ཏེ་དུག་སེལ་བྱེད་དགོས། བདེ་སྲུང་མི་སྣས་ངེས་པར་དུ་ཁ་བཏུམ་རྒྱབ་ནས་ལས་ཀ་བྱེད་དགོས་པ་མ་ཟད། ཕྱི་ནས་ཡོང་བའི་མི་སྣའི་གནས་ཚུལ་འདྲི་རྩད་དང་ཐོ་འགོད་ནན་ཏན་བྱས་ཏེ་རྒྱུན་ལྡན་དང་མི་འདྲ་བའི་གནས་ཚུལ་དུས་ཐོག་ཏུ་སྙན་ཞུ་བྱེད་དགོས།
༡༡. གཞུང་དོན་འཚམས་འདྲིར་ཡོང་སྐབས་ངེས་པར་དུ་ཁ་བཏུམ་རྒྱག་དགོས། གཞུང་ལས་ཐོག་ཁང་དུ་མ་འཛུལ་གོང་ཐོག་མར་ལུས་དྲོད་ལ་བརྟག་དཔྱད་བྱེད་དགོས་པ་མ་ཟད། ཧུའུ་པེ་རུ་འབྲེལ་གཏུག་བྱས་པའི་ལོ་རྒྱུས་དང་། ཚ་རྒྱས་པ། གློ་ལུ་བ། དབུགས་རྔུབ་ལེན་དཀའ་བ་སོགས་ཀྱི་ནད་རྟགས་ཡོད་མེད་ངོ་སྤྲོད་བྱེད་དགོས། གོང་སྨྲས་ཀྱི་གནས་ཚུལ་མེད་པར་མ་ཟད། ལུས་དྲོད་37.2℃མན་གྱི་རྒྱུན་ལྡན་གྱི་ཆ་རྐྱེན་འོག་ཏུ་ད་གཟོད་ཐོག་ཁང་དུ་སོང་ནས་གཞུང་དོན་སྒྲུབ་ཆོག
༡༢. ཤོག་བུའི་ཡིག་ཆ་བརྒྱུད་སྤྲོད་བྱེད་སྐབས་སྔ་རྗེས་སུ་ལག་པ་བཀྲུ་དགོས་པ་དང་། ཡིག་ཆ་བརྒྱུད་ལྟ་བྱེད་སྐབས་ཁ་བཏུམ་རྒྱག་དགོས།
༡༣. གཞུང་ལས་ཁ་པར་ལ་ཉིན་རེར75%ཡི་ཆང་བཅུད་ཕྱི་བདར་ཐེངས་གཉིས་རེར་བྱེད་དགོས་པ་དང་། གལ་ཏེ་བེད་སྤྱོད་ཐེངས་མང་བྱས་ན་ཐེངས་བཞི་བར་མང་དུ་གཏོང་དགོས།
བདུན། ནད་ཡམས་ཁྱབ་ཆེ་བའི་ས་ཁུལ་དུ་སྡོད་མྱོང་བའི་ཡུལ་སྐོར་མི་སྣས་ཏོག་དབྱིབས་ནད་དུག་འགོས་པའི་སྔོན་འགོག་ཕྱོགས་སྟོན།
མིག་སྔར་ནད་གཞི་འདིའི་ངོས་འཛིན་ལ་གཞིགས་ནས་གཟའ་འཁོར་གཉིས་ནང་ཝུའུ་ཧན་སོགས་ནད་ཡམས་ཁྱབ་ཆེ་བའི་ས་ཁུལ་དུ་སྡོད་པ་དང་ཡུལ་སྐོར་བྱེད་མྱོང་བའི་མི་སྣར་དམིགས་ནས་ཕྱོགས་སྟོན་འདི་བཟོས་པ་ཡིན།
༡. གང་མྱུར་སྒོས་རང་ཡུལ་གྱི་སྡེ་བའི་ཀྲི་པུའུ་ཡང་ན་སྡེ་ཁུལ་དུ་ཐོ་འགོད་བྱས་ཏེ། ཕྱི་ཕྱོགས་སུ་འགྲོ་བའི་བྱེད་སྒོ་ཉུང་དུ་གཏོང་དགོས་པ་དང་། ལྷག་པར་དུ་མི་མང་འདུ་འཛོམས་བྱེད་སར་འགྲོ་མི་རུང་།
༢. ནད་ཡམས་མཆེད་པའི་ས་ཁུལ་ནས་ཁ་བྲལ་བའི་ཉིན་ནས་བཟུང་བསྟུད་མར་ཉིན14 ལ་རང་ཉིད་ཀྱི་བདེ་ཐང་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་དགོས་པ་དང་ཉིན་རེར་ཐེངས་གཉིས་བྱེད་དགོས། ཆ་རྐྱེན་འཛོམས་ཚེ། གང་ཐུབ་ཀྱིས་ཁེར་རྐྱང་དུ་སྡོད་པའམ་ཡང་ན་རླུང་རྒྱུག་ཅུང་ལེགས་པའི་མི་གཅིག་སྡོད་སའི་ཁང་པའི་ནང་སྡོད་དགོས་པ་མ་ཟད། གང་ཐུབ་ཀྱིས་ནང་མི་དང་འབྲེལ་བ་དམ་ཟབ་བྱེད་རྒྱུ་ཉུང་དུ་གཏོང་དགོས།
༣. གལ་ཏེ་དོགས་གཞི་ཅན་གྱི་ནད་རྟགས་འབྱུང་བ(ཚ་བ་རྒྱས་པ་དང་ལུ་བ། མིད་པ་ན་བ། བྲང་ཁ་མི་བདེ་བ། དབུགས་ལེན་དཀའ་བ། ཡི་ག་ཅུང་ཆད་པ། ནུས་ཤུགས་མེད་པ།ཐང་ཆད་པ། སེམས་ཤུགས་མེད་པ།  སྐྱུག་པ། ཁོག་པ་བཤལ་བ། མགོ་ན་བ། སེམས་ཁམས་མི་བདེ་བ། མིག་འབྱས་སྐྱི་མོའི་གཉན་ཚད། རྐང་ལག་བཞི་དང་སྐེད་རྒྱབ་ཀྱི་ཤ་གནད་ན་བ་སོགས)ཡིན་ན་ནད་གཞིར་གཞིགས་ནས་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས། སྨན་པ་བསྟེན་པའི་ལམ་བར་དུ་བྱེ་བྲག་གི་མཛུབ་སྟོན་བསམ་འཆར་གཤམ་གསལ་ལྟར།
(༡) སྨན་ཁང་དུ་འགྲོ་བའི་ལམ་བར་དུ་ནད་པས་སྨན་ལས་ཁ་བཏུམ་སམ་ཡང་ནN95 རྟགས་ཅན་གྱི་ཁ་བཏུམ་རྒྱག་དགོས།
(༢) སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ལ་མ་བསྡད་ན་ཆོག་ན་མི་འདུག་པ་དང་བསྡད་ན་ཡང་རླངས་འཁོར་གྱི་སྒེའུ་ཁུང་ཕྱེ་དགོས།
(༣) དུས་དང་རྣམ་པ་ཀུན་ཏུ་ཁ་བཏུམ་རྒྱག་པ་དང་དུས་དང་རྣམ་པ་ཀུན་ཏུ་ལག་པའི་གཙང་སྦྲ་རྒྱུན་འཁྱོངས་བྱེད་དགོས། ལམ་བར་དང་སྨན་ཁང་ནང་ནས་གང་ནུས་ཀྱིས་མི་གཞན་དང་རིང་དུ་གྱེས་དགོས། (ཉུང་མཐར་ཡང་བར་ཐག་སྨི1ཡོད་དགོས)
(༤) ལམ་བར་དུ་འགྲིམ་འགྲུལ་ཡོ་བྱད་ལ་འབག་བཙོག་བཟོས་ན། ཁིལ་འདུས་དུག་སེལ་སྨན་རྫས་སམ་དབྱང་ཁ་བའི་དུག་སེལ་སྨན་རྫས་བཀོལ་ནས། དབུགས་ལམ་གྱི་ཟགས་ཐོན་དངོས་རྫས་སམ་ལུས་གཤེར་འབག་བཙོག་གི་ཕྱི་ངོས་ལ་དུག་སེལ་བྱེད་དགོས།
བརྒྱད། ནད་དཔེ་ལ་འབྲེལ་འདྲིས་བྱས་མྱོང་བས་རང་ཁྱིམ་ནས་གསོ་རིག་ལྟ་ཞིབ་བྱེད་ཐབས།
ཏོག་དབྱིབས་ནད་དུག་གསར་པ་འགོས་ཡོད་པའི་གློ་ཚད་ཀྱི་ནད་རྟགས་ངོས་འཛིན་བྱེད་པའི་ནད་པ་དང་འབྲེལ་བ་དམ་ཟབ་ཡོད་མཁན་གྱིས་ནད་པ་དང་འབྲེལ་འདྲིས་བྱེད་པའི་ཆེས་མཇུག་མཐའི་ཉིན་མོ་ནས་བཟུང་སྟེ་གསོ་རིག་གིས་ཉིན༡༤ལ་ལྟ་ཞིབ་བྱ་དགོས། ཁྱིམ་དུ་ལྟ་ཞིབ་བྱེད་པའི་སྐབས་སུ་གསོ་རིག་ལྟ་ཞིབ་མི་སྣ་དང་འབྲེལ་བ་བྱེད་དགོས་པ་མ་ཟད། ནད་གཞིའི་ལྟ་ཞིབ་དང་ནད་གཡོག་གི་གཙོ་གནད་རྒྱུས་ལོན་བྱས་ཏེ་ཁྱིམ་ཚང་ནས་ལག་པ་བཀྲུ་བ་དང་། མཁའ་དབུགས་རྒྱུ་བ། འགོག་སྲུང་། དུག་སེལ་བཅས་ཀྱི་སྔོན་འགོག་བྱེད་པའི་བྱ་ཐབས་ཁོང་དུ་ཆུད་དགོས།
༡. འབྲེལ་བ་དམ་ཟབ་ཡོད་པའི་མི་དེ་རླུང་རྒྱུག་ཐུབ་པའི་ཁང་གཞིས་ཆུང་ཆུང་ཞིག་གི་ནང་དུ་བཀོད་སྒྲིག་བྱས་ནས་མི་སུ་ཡང་ཐུག་ཏུ་འཇུག་མི་རུང་།
༢. འབྲེལ་བ་དམ་ཟབ་ཡོད་མཁན་གྱི་བྱེད་སྒོ་ཚོད་འཛིན་བྱེད་དགོས་ཤིང་། འབྲེལ་བ་དམ་ཟབ་ཡོད་པའི་མི་དང་ཁྱིམ་ཚང་གི་ཁོངས་མིའི་བྱེད་སྒོ་མཉམ་སྤྱོད་བྱེད་པའི་ཁྱབ་ཁོངས་ཆུང་ཤོས་སུ་གཏོང་དགོས་པ་མ་ཟད། མཉམ་སྤྱོད་ཁོངས༼ཇ་ཁང་དང་ཁྲུས་ཁང་སོགས༽ལ་རླུང་རྒྱག་ཐུབ་དགོས།  
༣. ཁྱིམ་མི་ཁང་བ་མི་འདྲ་བ་རེའི་ནང་དུ་སྡོད་དགོས་ཏེ། གལ་ཏེ་ཆ་རྐྱེན་མ་འཛོམས་ན། འབྲེལ་འདྲིས་ཆེ་བའི་མི་དང་ཉུང་མཐར་ཡང་བར་ཐག་སྨི༡ཡོད་དགོས། ནུ་མ་ལྡུད་པའི་ཨ་མས་མུ་མཐུད་དུ་ཨ་མའི་ནུ་ཞོ་ལྡུད་ཆོག
༤. ཁྱིམ་ཚང་གི་ཁོངས་མི་གཞན་དག་དང་འབྲེལ་འདྲིས་དམ་ཟབ་ཡོད་པའི་མིའི་སྡོད་གནས་སུ་འགྲོ་སྐབས་ཁ་ཐུམ་རྒྱག་དགོས་པ་མ་ཟད་ཁ་ཐུམ་ཁ་ངོར་སྦྱར་དགོས། ནད་པ་སྡོད་ས་ནས་ཁ་ཐུམ་ལ་རེག་མི་རུང་བ་དང་། ཁ་ཐུམ་གྱི་ཟགས་ཐོན་དངོས་རྫས་རློན་པར་གྱུར་བ་དང་བཙོག་པར་འགྱུར་ཚེ་ངེས་པར་དུ་བརྗེ་སྤོ་བྱས་ནས་ལག་པ་བཀྲུ་པར་ཚགས་ཡང་དགོས།
༥. འབྲེལ་འདྲིས་ཆེ་བའི་མི་དང་ཐད་ཀར་འབྲེལ་གཏུག་བྱེད་པའམ་ཡང་ན་འབྲེལ་བ་ཟབ་པའི་མི་དང་ཁ་བྲལ་ནས་སྡོད་སའི་བར་ནས་ལག་པ་གཙང་མར་བཀྲུ་དགོས། ཟ་མ་གྲ་སྒྲིག་དང་ཟ་མ་ཟོས་རྗེས་ལག་ཟུང་གཙང་མ་བྱེད་དགོས། གལ་ཏེ་ལག་པ་ཧ་ཅང་གཙང་མ་མིན་ན། ཆང་བཅུད་ཀྱིས་བཀྲུས་ནས་གཙང་མར་བྱས་ན་ཆོག་ལ། གལ་ཏེ་ལག་པ་གཉིས་ཅུང་བཙོག་ན་འདག་རྫས་དང་ཆུ་གཙང་མས་བཀྲུ་ཡག་བྱ་དགོས། ༼ཆང་བཅུད་བདེ་འཇགས་ཀྱིས་བཀོལ་དགོས། དཔེར་ན་ ཆང་བཅུད་འཐུང་བའམ་ཡང་ན་མེ་སྐྱོན་འབྱུང་བ་སོགས་བསམ་ཡུལ་ལས་འདས་པའི་དོན་རྐྱེན་འབྱུང་བར་སྔོན་འགོག་བྱ་དགོས།༽ 
༦. འདག་ཆས་དང་ཆུ་གཙང་མས་ལག་པ་བཀྲུ་སྐབས། རབ་ཡིན་ན་ཐེངས་གཅིག་གི་ཤོག་བུའི་ལག་པ་ཕྱིས་ན་ལེགས། གལ་ཏེ་མེད་ན། ལག་ཕྱིས་གཙང་མས་ཕྱིས་ནས་རློན་པར་གྱུར་ཚེ་བརྗེ་སྤོ་བྱ་དགོས།      
༨. ཁྱིམ་མིས་འབྲེལ་བ་དམ་ཟབ་ཡོད་པའི་མི་དང་དེའི་མཁོ་ཆས་ལ་མི་རེག་པ་དང་། དཔེར་ན་ཐུན་མོང་གི་སོ་ཤད་དང་ཐ་མག གསོལ་ཆས། ཟ་ཚོད། བཏུང་བྱ། ལག་ཕྱིས། ཁྲུས་རས། ཉལ་གདན་སོགས་སྤྱོད་མི་རུང་། གསོལ་ཆས་སྤྱད་རྗེས་ངེས་པར་དུ་འདག་རྫས་དང་ཆུ་གཙང་མས་བཀྲུ་དགོས།
༩. ཁིལ་ལྡན་དུག་སེལ་རྫས་དང་དབྱང་འདས་ཁ་སྐྱུར་དུག་སེལ་རྫས་མཚམས་སྦྱོར་བྱེད་པ་དང་། ཉིན་རེར་ཁྱིམ་མིས་རྒྱུན་དུ་རེག་པའི་དངོས་པོ་སྟེ། དཔེར་ན་མལ་ཁྲིའི་སྒམ་དང་ཉལ་ཁྲིའི་སྒྲོམ། ཉལ་ཁང་གི་ཁྱིམ་ཆས་གཞན་དག་བཅས་ལ་དུག་སེལ་བྱ་དགོས། མ་མཐར་ཡང་ཉིན་རེར་འཁྲུས་ཁང་དང་གསང་སྤྱོད་ཀྱི་ཕྱི་ངོས་ལ་གཙང་སྦྲ་དང་དུག་སེལ་ཐེངས་རེ་བྱེད་དགོས།
༡༠. སྤྱིར་བཏང་གི་གོས་འཁྲུའི་དག་རྫས་དང་ཆུ་གཙང་མས་ནད་པའི་རེག་ཐུག་བྱུང་བའི་གྱོན་ཆས་དང་། ཉལ་གདན། ཁྲུས་རས། ལག་ཕྱིས་སོགས་འཁྲུད་པའམ་ཡང་ན་གོས་འཁྲུའི་འཕྲུལ་ཆས་ལ་བརྟེན་ནས་ཆུའི་དྲོད་ཚད༦༠ནས༩༠བར་གྱིས་ཁྱིམ་སྤྱོད་གོས་འཁྲུའི་འཕྲུལ་ཆས་དང་གཤེར་ཁུ་དཀྱུས་མས་བཀྲུས་རྗེས་གོང་གི་དངོས་པོ་རྣམས་ཡོངས་སུ་སྐམ་དུ་འཇུག་དགོས་པ་དང་། ཡང་ན་འབྲེལ་ཡོད་མི་དེས་བཀོལ་བའི་ཉལ་ཁྲིའི་རས་གདན་ལ་སོགས་འཁྲུད་བྱེད་ཁུག་མའི་ནང་དུ་འཇོག་དགོས་པ་མ་ཟད་གོན་པ་གང་སར་གཡུག་མི་རུང་། ལྷག་པར་དུ་སྐྱི་སྤོགས་དང་རང་ཉིད་ཀྱི་གོན་པ་དང་མི་རེག་པར་བྱ་དགོས།
༡༡.  ཐེངས་གཅིག་གི་ལག་ཤུབས་དང་སྲུང་སྐྱོང་རང་བཞིན་གྱི་གྱོན་ཆས(དཔེར་ན་འགྱིག་ཤོག་གི་སྨད་གཡོགས་ལྟ་བུ)གྱོན་ནས་འབྲེལ་བ་དམ་ཟབ་ཡོད་པའི་མིའི་ཟགས་ཐོན་དངོས་རྫས་ཀྱི་ཕྱི་ངོས་དང་། གྱོན་ཆས། ཉལ་ཁྲི་བཅས་གཙང་སྦྲ་བྱེད་དགོས། ལག་ཤུབས་གྱོན་པའི་སྔོན་དང་ལག་ཤུབས་ཕུད་རྗེས་ལག་པ་གཙང་མ་བཀྲུས་ནས་དུག་སེལ་བྱེད་དགོས།  
༡༢. གལ་ཏེ་ནད་གཞི་གཏན་འཁེལ་བྱུང་བའི་ནད་དཔེ་དང་འབྲེལ་བ་དམ་ཟབ་ཡོད་མཁན་ལ་དོགས་གཞི་ནད་རྟགས་འདི་ལྟར་ཡོད་དེ། ཚ་རྒྱས་པ་དང་། ལུ་པ། མིད་པ་ན་བ། བྲང་འགག་པ། དབུགས་ལེན་དཀའ་བ། ནུས་པ་ཞན་པ། སེམས་ཤུགས་མེད་པ། སྐྱུག་མེར་ལངས་པ། ཁོག་པ་བཤལ་བ། མགོ་ན་བ། སེམས་འཚབ་པ་དང་འབྲེལ་སྐྱི་ཚ་ནད་སོགས་རྐང་ལག་བཞི་བོའམ་ཡང་ན་རྐེད་རྒྱབ་ཤ་གྲིམ་སྐྱུར་གཟེར་སོགས་ཡོད་ན་མྱུར་དུ་སྨན་པར་བསྟེན་དགོས། ཞིབ་ཕྲའི་མཛུབ་སྟོན་དང་བསམ་འཆར་གཤམ་གསལ་ལྟར།
(༡) སྨན་ཁང་དུ་འགྲོ་བའི་ལམ་བར་དུ་ནད་པས་སྨན་སྤྱོད་ཕྱི་ནད་ཚན་ཁག་གི་ཁ་ཐུམ་མམ་ཡང་ན་ཁ་ཐུམN༩༥ཅན་རྒྱག་དགོས། 
(༢) རབ་ཡིན་ན་སྨན་ཁང་ལ་འགྲོ་དུས་སྤྱི་སྤྱོད་རླངས་འཁོར་ལ་མ་འདུག  གལ་ཏེ་རླངས་འཁོར་ལ་བསྡད་ཚེ་དྲ་མ་ཕྱེ་དགོས།
(༣) དུས་དང་རྣམ་པ་ཀུན་ཏུ་ཁ་ཐུམ་རྒྱག་པ་དང་ལག་པ་གཙང་མ་བཀྲུ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། བགྲོད་ལམ་དང་སྨན་ཁང་དུ་འདུག་སྐབས་སུ་མི་གཞན་པ་དང་ཁ་ཐག་རིང་དུ་གྱེས་དགོས།༼ཆེས་ཐུང་ན་སྨི༡གི་བར་ཐག་ཡོད་དགོས༽     
དགུ། སྨན་པ་སྟོན་པའི་གོ་རིམ།
ཏོག་དབྱིབས་ནད་དུག་གསར་པ་ལ་གློ་ཚད་ཀྱི་ནད་རྟགས་གཙོ་བོ་ནི་ཚ་རྒྱས་པ་དང་ཤུགས་ཉམས་པ། དབུགས་ལམ་གྱི་ནད་རྟགས་གཙོ་བོ་ནི་སྐམ་ལུ་བྱེད་པ་མ་ཟད། རིམ་བཞིན་དབུགས་འབྱིན་དཀའ་བ། ཚབས་ཆེ་བའི་རིགས་ལ་མྱུར་གཤིས་འབྱིན་རྔུབ་དཀའ་བའི་ཕྱོགས་བསྡུས་ནད་རྟགས་དང་རྣག་དུག་ནད་ཀྱིས་དབང་ཤོར་བའི་གནས་ཚུལ་ཡོད་པ། ཡོ་བསྲང་བྱེད་དཀའ་བའི་བརྗེ་ཚབ་རང་བཞིན་གྱི་སྐྱུར་དུག་ཕོག་པ་དང་ཁྲག་དཀག་བྱེད་ནུས་ཀྱི་འགལ་རྐྱེན་བཅས་ཡོད། ནད་པ་ཁ་ཤས་ལ་ནད་ཕོག་པའི་ནད་རྟགས་ཅུང་ཡང་བས་ཚ་མི་རྒྱས་པ། མང་ཆེ་ཤོས་ལ་ནད་ཡང་བས་དྲག་སླ་བ། ཡང་ལ་ལའི་ནད་གཞི་ལྕི་བ་དང་ཐ་ན་ཤི་འགྲོ། དཔེར་ན། ཚ་བ་རྒྱས་པ་དང་། ཐང་ཆད་པ། སྐམ་ལུ་བྱེད་པ་སོགས་ཀྱིས་ནད་དུག་འགོས་ཡོད་པ་མཚོན་མི་ཐུབ།
གལ་ཏེ(༡)ཚ་རྒྱས་པ(མཆན་འོག་གི་ལུས་དྲོད་ཏུའུ37.3℃)དང་ལུ་བ། དབུགས་ཧལ་བ་སོགས་མྱུར་གཤིས་འབྱིན་རྔུབ་རྒྱུ་ལམ་འགོ་ནད་ཀྱི་ནད་རྟགས་བྱུང་བ། (༢)ཝུའུ་ཧན་དུ་ཡུལ་སྐོར་དང་གནས་སྡོད་ཀྱི་ལོ་རྒྱུས་ཡོད་པ། ཡང་ན་ནད་མ་བྱུང་བའི་སྔོན་གྱི་ཉིན༡༤ནང་དུ་ཝུའུ་ཧན་ནས་ཡོང་བའི་ཚ་རྒྱས་ཞོར་དུ་དབུགས་ལམ་གྱི་ནད་རྟགས་ཡོད་པའི་ནད་པར་འཕྲད་མྱོང་བ། ཡང་ན་ཁྱབ་རྒྱ་ཆུང་བའི་ལྷན་འཛོམས་རང་བཞིན་གྱི་ནད་བྱུང་བ་བཅས་ཀྱི་གནས་ཚུལ་ཡོད་ན་ངེས་པར་དུ་ས་གནས་ཀྱི་གཏན་འཁེལ་བྱས་པའི་སྨན་བཅོས་ལས་ཁུངས་ལ་གཙང་བཤེར་དང་བརྟག་བཤེར་བྱེད་དུ་འཇུག་དགོས། 
༢. སྨན་པ་བསྟེན་སྐབས་དོ་སྣང་བྱ་དགོས་པའི་དོན་ཚན།        
(༡) གལ་ཏེ་འབྲེལ་བ་ཡོད་པའི་མི་དེར་ནད་རྟགས་བྱུང་ཚེ།  སྔོན་ལ་ཚ་རྒྱས་སྒོ་བསྟེན་སྨན་བཅོས་ཁང་གི་གཏན་འཁེལ་སྨན་ཁང་འདེམ་དགོས།
(༢) སྨན་ཁང་དུ་འགྲོ་བའི་ལམ་བར་དང་སྨན་བཅོས་ཀྱི་བརྒྱུད་རིམ་ཧྲིལ་བོར་ཁ་ཐུམ་རྒྱག་དགོས། 
(༣) སྤྱི་སྤྱོད་འགྲིམ་འགྲུལ་ལ་མི་སྡོད་པར་མྱུར་སྐྱོབ་རླངས་འཁོར་འབོད་པའམ་ཡང་ན་སྒེར་གྱི་རླངས་འཁོར་བཀོལ་ནས་ནད་པ་སྨན་ཁང་དུ་སྐྱེལ་དགོས། གལ་ཏེ་ཆོག་ན་ལམ་བར་ནས་རླངས་འཁོར་གྱི་དྲ་མ་ཕྱེ་དགོས།  
(༤) ནད་བྱུང་བའི་མི་དང་འབྲེལ་འདྲིས་དམ་པོ་ཡོད་མཁན་གྱིས་དུས་དང་རྣམ་པ་ཀུན་ཏུ་དབུགས་ལམ་གྱི་གཙང་སྦྲ་དང་ལག་པ་གཉིས་ཀྱིས་གཙང་སྦྲ་རྒྱུན་འཁྱོངས་བྱེད་དགོས།
(༥) དབུགས་ལམ་གྱི་ཟགས་ཐོན་དངོས་རྫས་སམ་ལུས་གཤེར་སྦགས་བཙོག་དངོས་པོ་གང་རུང་གི་ཕྱི་ངོས་སུ་ངེས་པར་དུ་དཀར་བཟོ་རྫས་འདྲེས་ཀྱི་དུག་སེལ་རྫས་ཀྱིས་གཙང་མ་བཀྲུས་ནས་དུག་སེལ་དགོས།
(༦) སྨན་པ་བསྟེན་དུས།   ནད་པའི་གནས་ཚུལ་དང་སྨན་བསྟེན་བརྒྱུད་རིམ་ཧྲིལ་བོར་ཇི་མ་ཇི་བཞིན་དུ་བཤད་དགོས་པ་དང་། ནང་སྒོས་སུ་ཉེ་བར་ཝུའུ་ཧན་དུ་ཡུལ་སྐོར་དང་གནས་སྡོད་ཀྱི་ལོ་རྒྱུས་ཡོད་པ་དང་།  གློ་ཚད་ནད་གཞིའམ་ཡང་ན་དོགས་ཡོད་ནད་པར་ཐུག་པ།  སྲོག་ཆགས་འཕྲད་པའི་ལོ་རྒྱུས་ཡོད་པ་སོགས་སྨན་པ་ཡང་གསལ་བོར་བཤད་དགོས།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

15选5旋转矩阵 河北20选5开奖号 陕西快乐10分玩法 加拿大快乐8号是不是合法的 福建快三彩票 陕西十一选五开奖结果手机版 广东十一选五购买软件 福彩3d连线走势图表 有十万闲钱该如何理财 15选5杀号公式绝招 天津十一选五开奖结果历史 明天股票涨还是跌 48减2能算出下期平码吗 黑龙江6+1开奖结果今天 股票新手入门知识图解 北京体彩快中彩开奖结果 安徽快三走势图