今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

གསར་བྱུང་ཏོག་དབྱིབས་གློ་ཚད་འགོག་པའི་གདམས་ངག100བཞུགས་སོ།།

༡ ད་ཆ་རིམས་ནད་ཛ་དྲག་ལ་རྙོག་འཛིང་ཆེ་བའི་དུས་ལ་སླེབས་པས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་འགག་རྩའི་དུས་ལ་སླེབས་པ།
༢ རིམས་ནད་གཟའ་འཁོར་གཅིག་གམ་ཡང་ན་ཉིན་བཅུའི་ཡས་མས་ལ་ཚབས་ཆེ་ཤོས་སུ་སླེབས་རྒྱུ་དང་།  གཞི་ཁྱོན་ཆེན་པོས་ཇེ་མང་དུ་འགྲོ་མི་སྲིད།༣ ཉེ་དུས་ཀྱི་ནད་ཐོག་དཔྱད་ཡིག་ལ་བལྟས་ཚེ།  ནད་དུག་འགོས་ཁྱབ་འགྲོ་ཚད་ཧ་ལམ་ཤུགས་ཇེ་ཆེར་སོང་བ། ༤ མིག་སྔར་ཏོག་དབྱིབས་ནད་དུག་གསར་པའི་འགོ་ཁུངས་གསལ་པོ་ཤེས་མེད་པ།
༥ མིག་སྔར་ནད་དུག་གཞན་འགྱུར་བྱུང་མེད་པ།
༦ ཏོག་དབྱིབས་ནད་དུག་གསར་པ་དང་SARSཡི་ནད་དུག་འབྱུང་ཁུངས་གཅིག་པ་ཡིན་ཚད་85%ཟིན་པ།
༧ ཏོག་དབྱིབས་ནད་དུག་གསར་པ་དེ་SARSནད་དུག་ལས་བཅོས་ཁག་པ་ཡོད།  རྒྱུ་མཚན་ནི་ང་ཚོས་ནད་དུག་དེ་གང་དུ་ཡོད་མེད་གསལ་པོ་ཤེས་མེད།  ད་དུང་ནད་རྟགས་ཅུང་ཟད་ཐོན་པ་མང་པོ་ཡོང་སྲིད། དེ་དག་སྤྱིར་བཏང་གི་ཆམ་པ་དང་འདྲ།
༨ ད་རྟགས་མི་མངོན་པའི་དུས་ཚོད་ཉིན་3-7ཡིན་པ་དང་། དུས་ཚོད་ཐུང་ཤོས་ཉིན་1དང་རིང་ཤོས་ཉིན་14ལས་བརྒལ་མི་སྲིད།
༩ ཉིན་10ནས་14བར་ནི་ལོགས་སུ་བཞག་སྟེ་ལྟ་ཞིབ་བྱེད་པའི་དུས་ཚོད་ཡག་ཤོས་ཡིན།
༡༠ ད་བར་འགོས་ཁུངས་གཅིག་ནས་མང་པོར་འགོས་པའི་སྣང་ཚུལ་ཐོན་མེད།
༡༡ རིམས་ནད་ལ་ཁ་གཏད་གཅོག་པར་དམ་འཛིན་གཉིས་བྱེད་རྒྱུ་གལ་ཆེ་སྟེ།  གཅིག་ནི་སྔ་ཙམ་ནས་ཤེས་རྟོགས་ཐུབ་པ་བྱེད་པ་དང་། གཞན་དེ་ནི་སྔ་ཙམ་ལོགས་དབྱེ་བྱ་རྒྱུ་དེ་ཡིན།
༡༢ དོགས་ཡོད་ནད་པ་ཡིན་པའི་སྙན་ཞུ་བྱས་པ་དང་ལོགས་སུ་བཞག་པར་སྐྲག་སྣང་བྱེད་དོན་མེད།  སྐྲག་དགོས་པ་ནི་ནད་དུག་འགོས་ཀྱང་འགོས་པ་མ་ཤེས་པ་དེ་ཡིན་པས།སྔོན་འགོག་ཚོད་འཛིན་ནན་པོ་བྱེད་དགོས།
༡༣ རིམས་ནད་གཞོན་ནུ་ལོ་ཆུང་ལ་ཁྱབ་ཉེན་ཡོད་པས་ད་ཆ་སྔོན་འགོག་ལ་ཤུགས་སྣོན་རྒྱག་རྒྱུ་གལ་ཆེ། 
༡༤ ཚ་བ་རྒྱས་པ་ནི་སྔར་བཞིན་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་ནད་རྟགས་མངོན་གསལ་དོད་ཤོས་དེ་རེད།
༡༥ ཏོག་དབྱིབས་ནད་དུག་གསར་པ་འགོས་ཟིན་རྗེས། ནད་རྟགས་མ་ཐོན་ཡང་མི་གཞན་ལ་འགོ་སྲིད།
༡༦ མི་རྒན་གཞོན་ཀུན་ལ་འགོ་བ་དང་།  ལྷག་པར་དུ་རྒན་རྒོན་དང་གཟུགས་པོ་ཐང་པོ་མེད་པར་འགོས་ཚེ་ནད་གཞི་ཅུང་ཚབས་ཆེན་པོ་ཡོད།  བྱིས་པ་དང་ཕྲུ་གུ་དམར་འབྱར་ལའང་འགོས་ཀྱི་ཡོད།
༡༧ མིག་སྔར་ཤེས་པའི་འགོ་ཁུངས་གཙོ་བོ་ནི་ཏོག་དབྱིབས་ནད་དུག་གསར་པའི་རྐྱེན་ལས་བྱུང་བའི་གློ་ཚད་ཕོག་པའི་ནད་པ་ཡིན
།༡༨ གཙོ་བོ་ནི་ཐག་ཉེ་བའི་མཆིལ་ཟེགས་ལས་འགོས་པ་དེ་ཡིན།
༡༩ རེག་ཐུག་བྱས་ན་ཡང་འགོ་ཉེན་ཡོད།
༢༠ ནད་རྟགས་གཙོ་བོ་ནི་ཚ་བ་རྒྱས་པ་དང་།  ལུས་ཤུགས་ཟད་པ།  གློ་རྒྱག་པ་བཅས་ཡིན།  ཉུང་ཤས་ལ་སྣ་ཁུག་འགག་པ་དང་།  སྣ་ཆུ་འཛར་བ། གྲོད་པ་བཤལ་བ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད།
༢༡ ནད་པ་ལ་ལའི་ནད་རྟགས་ནི་ཚ་བ་དམའ་བ་དང་།ཤུགས་ཟད་པ་སོགས་ཡིན་པ་དང་།གློ་ཚད་ཀྱི་མངོན་ཚུལ་མེད་ཅིང་།མང་ཆེ་བ་གཟའ་འཁོར་གཅིག་གི་རྗེས་སུ་བདེ་ཐང་དུ་འགྱུར་ཐུབ།
༢༢ ཚབས་ཆེ་རིགས་དང་།ཉེན་ཁ་ཆེ་བའི་ནད་པའི་ཁྲོད་ཚ་བ་འབྲིང་དམའ་རྒྱས་པ་དང་།ཐ་ན་ཚ་བ་རྒྱས་པ་མངོན་གསལ་དོད་པོ་མེད་པ་ཡང་ཡོད།
༢༣ ལུས་སེམས་ལྷིང་ལ་འཇགས་པའི་སྐབས་ལུས་དྲོད་37.3℃ལས་བརྒལ་ན་ཚ་བ་རྒྱས་པར་བརྩིས་ཆོག
༢༤ གལ་ཏེ་ཚ་བ་རྒྱས་ཚད་38℃ལས་དམའ་བ་ཡོད་ན།ཁྱིམ་སྡོད་ལོགས་དགར་གྱིས་ནད་རྟགས་ཀྱི་འགྱུར་ལྡོག་ལ་ལྟ་ཞིབ་ནན་མོ་བྱེད་དགོས།ཆབས་ཅིག་གསལ་བཤད་ཡི་གེར་གཞིགས་ནས་པུ་ལོ་ཧྥིན་སོགས་ཀྱི་སྨན་ཟས་ཆོག
༢༥ གལ་ཏེ་ཚབས་ཆེན་པོ་ཡོད་པའི་ཚོར་བ་བྱུང་ན།སྔོན་ལ་སྡེ་ཁུལ་སྨན་ཁང་དུ་ཕྱིན་ནས་བརྟག་དཔྱད་བྱེད་དགོས།
༢༦ གལ་ཏེ་ལུས་དྲོད་37.3℃ལས་བརྒལ་ན།ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་འགྲོ་དགོས།
༢༧ ཚ་བ་རྒྱས་པ་མངོན་གསལ་དོད་པོ་མེད་མོད།འོན་ཀྱང་ལུས་ཡོངས་མི་བདེ་བ་དང་།གྲོད་ཁོག་ན་བ་སོགས་ཀྱི་ནད་རྟགས་ཐོན་ན།ནད་གཞི་ཡང་བ་ལོགས་སུ་དགར་བ་དང་།ནད་གཞི་ལྕི་བ་སྨན་ཁང་དུ་སྐྱེལ་དགོས།
༢༨ གལ་ཏེ་ཚ་བ་རྒྱས་ནས་དབུགས་བསྡམས་པའི་ནད་རྟགས་ཐོན་ཚེ།དོགས་ཟོན་ཆེན་པོ་བྱས་ནས་གང་མགྱོགས་སྨན་ཁང་དུ་བསྐྱོད་དགོས།
༢༩ ནད་ཕོག་པར་དོགས་པ་ཡོད་པའི་མི་དང་ཐུག་མྱོང་མོད།འོན་ཀྱང་མིག་སྔར་མི་བདེ་བའི་གནས་ཚུལ་གང་ཡང་ཐོན་མེད་རིགས་རྣམས།ཁྱིམ་དུ་ལོགས་སུ་བཀར་ནས་ཉིན་14བལྟ་ཞིབ་བྱ་དགོས་པ་དང་།གཙོ་བོ་ལུས་དྲོད་ཀྱི་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་བྱེད་དགོས།
༣༠ ནད་པ་དང་ཐུག་འཕྲད་དམ་ཟབ་བྱེད་མཁན་རྣམས་ཁྱིམ་དུ་བཞག་ནས་བལྟ་ཞིབ་བྱེད་སྐབས།ཁེར་རྐྱང་གི་ཁང་པའི་ནང་སྡོད་དུ་འཇུག་པ་དང་།གཞན་དང་ཐུག་ཏུ་འཇུག་མི་རུང་།
༣༡ ཁྱིམ་སྡོད་ལོགས་བཀར་བྱེད་སྐབས།རྒྱུན་གཏན་ལྟར་འཚོ་བ་སྐྱེལ་ཆོག་པ་དང་།འོས་འཚམས་ཀྱིས་ངལ་གསོ་དང་གཉིད་འདང་ངེས་ཉལ་དགོས།
༣༢ གནས་ཚུལ་ལ་གཞིགས་ནས་ཁྱིམ་སྡོད་སྦྱོང་བརྡར་བྱས་ཐོགསེམས་ཁྲལ་མི་བྱེད་པ་དང་།སེམས་བག་ཡངས་པོར་གནས་པར་བྱ་དགོས།
༣༣ དཔེ་དེབ་ལྟ་ཀློག་བྱས་ན་གནོན་ཤུགས་ཞི་ལྷོད་དུ་གཏོང་ཐུབ་པ་དང་སེམས་པ་གཞན་ལ་གཡེངས་ཐུབ།
༣༤ ཉིན་རེར་ནད་ཡམས་དང་འབྲེལ་ཡོད་ཀྱི་ཆ་འཕྲིན་བལྟ་ཀློག་བྱེད་པའི་དུས་ཚོད་ནི་ཆུ་ཚོད་གཅིག་ལས་བརྒལ་མི་རུང་།
༣༥ གནའ་བོའི་རོལ་དབྱངས་ཉན་པའམ་ཡང་ན་འཇམ་སྙན་རོལ་དབྱངས་སོགས་བློ་བདེ་བག་ཕེབས་ཀྱི་སྣང་བ་སྦྱིན་པའི་རོལ་དབྱངས་ཉན་ན།སེམས་ཁམས་ལྷོད་ལ་བབ་རྒྱུར་ཕན་ཐོགས་ཡོད།
༣༦ ལོགས་སུ་བཀར་རྒྱུ་མཚམས་འཇོག་བྱེད་པ་དང་སྨན་ཁང་ནས་ཐོན་པའི་ཚད་གཞི་ནི།ལུས་དྲོད་ཉིན་3ཡན་རྒྱུན་གཏན་ལྟར་གནས་པ་དང་།དབུགས་ལམ་གྱི་ནད་རྟགས་མངོན་གསལ་དོད་པོས་ཆུང་དུ་ཕྱིན་ནས།དབུགས་ལམ་གྱི་ནད་གདོད་ཉིང་སྐྱུར་ཞིབ་དཔྱད་དེ་ཐེངས་གཉིས་བསྟུད་མར་སྲིབ་གཤིས་ལ་གནས་པ།
༣༧ ནད་གཞི་ཡང་བའི་ནད་པ་དྲག་སྐྱེད་བྱུང་རྗེས།ནད་རོ་ལུས་མི་སྲིད་ལ།དུས་ཡུན་ཐུང་ངུའི་ནང་གཞན་ལ་འགོ་མི་སྲིད།
༣༨ ནད་པ་མང་ཆེ་བ་དྲག་སྐྱེད་བྱུང་རྗེས་གཟུགས་གཞིའི་གནས་སྟངས་ཡག་པོ་ཡོད་ཅིང་།བྱིས་པར་ནད་ཀྱི་ནད་རྟགས་ཅུང་ཡང་བ་ཡོད།
༣༩ བྱིས་པ་ནད་པ་ལྟོས་བཅས་ཀྱིས་ཉུང་བ་ཡོད།དེ་ནི་ཕལ་ཆེར་ཁྱིམ་བདག་གིས་བྱིས་པར་སྲུང་སྐྱོབ་བྱེད་པའི་ཐབས་ནི་དར་མ་ལས་བཟང་ཞིང་།བྱིས་པའི་རིམས་འགོག་ནུས་པ་ཅུང་དམའ་བ་དང་།ཆམ་པ་ཕོག་སླ་བའི་རྐྱེན་ལས་གྲུབ་པའི་བྱིས་པའི་འགོག་གཟུགས་དང་སྣོལ་སྡེབ་རིམས་འགོག་ནུས་པ་དང་འབྲེལ་བ་ཡོད།
༤༠ འགོ་ཁག་པོ་ཡོད་ཅེས་པ་དེ་འགོ་མི་སྲིད་པ་དང་གཅིག་པ་མིན།མིག་སྔར་ནད་གཞི་གཏན་འཁེལ་བྱུང་བའི་ནད་པའི་ཁྲོད་ལོ་གཉིས་ཀྱི་བྱིས་པ་དང་ཐ་ན་ཟླ་9ཙམ་གྱི་ཕྲུ་གུ་དམར་འབྱར་ཡང་ཡོད་པས།ཕྲུ་གུ་དམར་འབྱར་དང་བྱིས་པའི་རིམས་འགོག་ལས་དོན་ལ་ལྷོད་གཡེང་གཏོང་མི་རུང་།
༤༡ ད་ཐེངས་ཀྱི་རིམས་ནད་དང་སྲོལ་རྒྱུན་གྱི་ཆམ་རིམས་དུས་ཚིགས་མཉམ་དུ་འཁེལ་བས།ཁྱིམ་བདག་གིས་ཕྲུ་གུ་ཚ་བ་རྒྱས་པའི་ནད་རྟགས་ལ་དཔྱད་དཔོག་ཡང་དག་པ་བྱེད་དགོས་པ་དང་།རྨོངས་ཚོད་ཀྱིས་སྨན་ཁང་དུ་མ་ཕྱིན་པར།རིམས་ནད་ཕན་ཚུན་འགོས་རྒྱུར་སྔོན་འགོག་བྱེད་དགོས།
༤༢ གུང་གསེང་གི་སྐབས་སུ་ཕྲུ་གུར་བདེ་ཐང་དང་ཆོས་ཉིད་ལྡན་པའི་འཚོ་བའི་གོམས་གཤིས་འཇགས་པ་བྱ་རྒྱུར་དོ་སྣང་བྱེད་དགོས་པ་ལས།རྔམ་ཟ་རྒྱས་འཐུང་བྱེད་དུ་འཇུག་མི་རུང་།ལོ་ན་ཅུང་ཆེ་བའི་ཕྲུ་གུ་དགོང་མོ་ཉལ་བའི་དུས་ཚོད་ཕྱི་མི་རུང་།
༤༣ ལོ་3མན་གྱི་ཕྲུ་གུར་ཁ་རས་རྒྱག་དགོས་པའི་ངེས་པ་མེད།དེ་ལས་ཕྱི་རོལ་དུ་འགྲོ་ཚད་ཉུང་དུ་བཏང་ནས་སྔོན་འགོག་བྱ་རྒྱུ་གལ་ཆེ།
༤༤ སྤྱིར་བཏང་གི་མིའི་ངོས་ནས་བཤད་ན།མི་ཚོགས་མང་བའི་ས་ཆར་མི་འགྲོ་བ་དང་།མི་གཞན་བར་བདེ་འཇགས་ཀྱི་བར་ཐག་སྨི་གཅིག་འཇོག་དགོས་པ།ཕྱི་ལ་འགྲོ་དུས་ཁ་རས་རྒྱག་པ།ལག་པ་ཡང་ཡང་འཁྲུ་བ།ཧབ་སྦྲིད་རྒྱག་པ་དང་གློ་རྒྱག་སྐབས་གཙང་ཤོག་གམ་གྲུ་མོས་ཁ་སྣ་འགེབ་པ་བཅས་བྱས་ན་འགོག་སྲུང་བྱེད་ཐུབ།
༤༥ ཚད་ལྡན་གྱི་ཁ་རས་ཡང་དག་པའི་སྒོ་རྒྱབ་ན།ཁ་རས་གཅིག་གིས་འགོག་སྲུང་གི་ནུས་པ་ཐོན་ཐུབ།
༤༦ རས་དང་སེང་རས་ཀྱི་ཁ་རས་ཁ་ཤས་ལ་དྲོད་སྲུང་ནུས་པ་ཡག་པོ་ཡོད་མོད།འོན་ཀྱང་ནད་དུག་འགོག་མི་ཐུབ།
༤༧ སྨན་སྤྱོད་ཕྱི་ནད་ཚན་ཁག་གི་ཁ་རས་རྒྱག་དགོས་པ་དང་།མདོག་སྐྱ་བོ་དེ་ནང་ལ་གཏད་ཅིང་།མདོག་སྣུམ་པ་དེ་ཕྱི་ལ་གཏད་དགོས།ལྕགས་སྐུད་ཕྲ་མོ་སྣ་ཐོད་དུ་འཁེལ་བ་བྱ་དགོས།
༤༨ སྨན་སྤྱོད་འགོག་སྲུང་ཁ་རས་རྒྱག་སྐབས།སྣ་བཙིར་ཕྱི་ལ་འཐེན་ཏེ་རྣ་ཐགས་ཡག་པོ་སྡོམ་དགོས།
༤༩ སྨན་སྤྱོད་ཕྱི་ནད་ཚན་ཁག་གི་ཁ་རས་སྲབ་མོ་མོད།འོན་ཀྱང་ནད་དུག་གི་གནོད་འཚེ་འགོག་ཐུབ།
༥༠ རྒྱུན་གཏན་གྱི་འགོག་སྲུང་ཐད་སྨན་སྤྱོད་ཕྱི་ནད་ཚན་ཁག་གི་ཁ་རས་བདམས་ན་ཡག་པོ་ཡོད།N95ཁ་རས་ཀྱི་ནད་འགོག་ནུས་པ་དེ་བས་ཡག་པ་ཡོད་མོད།འོན་ཀྱང་དེའི་རླུང་འགྲོ་ཡག་པོ་མེད་པས་ཡུན་རིང་རྒྱག་རྒྱུར་འཚམ་པོ་མེད།
༥༡ ཁ་རས་ལ་དབུགས་འབྱིན་རྔུབ་སྟེམ་སྒོ་ཡོད་མེད་དེ་ནི་ནད་དུག་འགོག་པའི་ནུས་པ་དང་འབྲེལ་བ་མེད།
༥༢ རང་གིས་རང་དགར་བཟོས་པའི་ཁ་རས་ལ་ཡིད་ཆེས་བྱེད་མི་རུང་།
༥༣ གལ་ཏེ་ཚ་བ་རྒྱས་པའམ་སྣ་ཆུ་འཛར་བ།ཧབ་སྦྲིད་རྒྱག་པ།སྣ་འགག་པ་སོགས་ཀྱི་ནད་རྟགས་མེད་ན།ཁ་རས་ཡང་བསྐྱར་བེད་སྤྱོད་བྱེད་ཆོགའོན་ཀྱང་ཡག་ཤོས་བྱུང་ན་བེད་སྤྱོད་བྱེད་ཡུན་ཉིན་ཕྱེད་ལས་བརྒལ་མི་ཆོག
༥༤ གལ་ཏེ་ཁ་རས་རློན་པ་ཆགས་པ་འམ་བཙོག་པ་ཆགས་ན་དེ་འཕྲལ་གསར་པ་བརྗེ་དགོས།
༥༥ ཁ་རས་འབུད་སྐབས་ཁ་རས་ཀྱི་ཕྱི་ངོས་ལ་རེག་མི་རུང་།
༥༦ གཞན་གྱིས་བེད་སྤྱོད་བྱེད་མྱོང་བའི་ཁ་རས་ལ་གང་བྱུང་དུ་ལག་པ་རེག་མི་རུང་།རྒྱུ་མཚན་ནི་དེ་ལས་ནད་དུག་འགོས་སྲིད་པས་རེད།
༥༧ བེད་སྤྱོད་བྱས་ཚར་བའི་ཁ་རས་ཆུ་ཁོལ་ནང་སྦོང་བ་དང་།མེར་བསྲེག་པ།འདྲེག་པ་སོགས་བྱས་རྗེས་ཕྱིར་གཡུག་པ་ནི་ཡང་མི་དག་པའི་ཐབས་ཤེས་ཡིན།
༥༨ བེད་སྤྱོད་བྱས་ཚར་བའི་ཁ་རས་གང་བྱུང་དུ་འཇོག་མི་རུང་ལ།ཐད་ཀར་ཁུག་མ་དང་གྱོན་གོས་ཀྱི་ཁུག་མ་སོགས་སུ་བླུགས་ན་མུ་མཐུད་དུ་ནད་དུག་འགོས་ཁྱབ་འགྲོ་སྲིད།
༥༩ བདེ་ཐང་གི་མིས་བཀོལ་སྤྱོད་བྱས་ཟིན་པའི་ཁ་རས་གད་སྙིགས་བླུགས་སྣོད་ནང་བསྐྱུར་ཆོག
༦༠ འགོས་ནད་ཕོག་པར་དོགས་པ་ཡོད་པའི་མི་ཡིས་སྨན་པ་བསྟེན་པའམ་ཡང་ན་བརྟག་དཔྱད་དང་ལེན་བྱེད་སྐབས།བེད་སྤྱོད་བྱས་ཟིན་པའི་ཁ་རས་དག་འབྲེལ་ཡོད་ལས་དོན་མི་སྣར་ཐག་གཅོད་བྱ་རྒྱུར་སྤྲོད་དགོས།
༦༡ ཁ་རས་ཐག་གཅོད་བྱས་ཚར་རྗེས།དུས་ཐོག་ཏུ་ལག་པར་དག་རྫས་བྱུག་ནས་བཞུར་ཆུའི་ནང་གཙང་མ་འཁྲུ་དགོས།
༦༢ སྨན་དོན་མི་སྣར་བཙོག་དངོས་རེག་ཐུག་ཡོང་སྲིད་པས་ངེས་པར་དུ་ལག་ཤུབས་གྱོན་དགོས།མི་གཞན་དག་རྣམས་ནས་ལག་པ་ཡང་ཡང་བཀྲུས་ན་འགྲིག
༦༣ བཙོག་གཅིན་བཏང་རྗེས་དང་།ཁ་ལག་མ་ཟས་གོང་།གཅེས་ཉར་སྲོག་ཆགས་ལ་ལག་པ་རེག་པའི་རྗེས།ཕྱི་ལོག་ནས་ནང་ལ་ལོག་རྗེས་སོགས་སུ་ངེས་པར་དུ་ལག་པ་གཙང་མ་འཁྲུ་དགོས།
༦༤ ངེས་པར་དུ་བཞུར་ཆུའི་ནང་ལག་པ་བཀྲུ་དགོས་པ་དང་།ཡི་ཙི་དང་ལག་འཁྲུས་བཤེར་ཁུ་བརྒྱབ་ནས་འཕུར་མཉེད་སྐར་ཆ་20ཡན་གཏོང་དགོས།
༦༥ གལ་སྲིད་ཕྱི་རོལ་ཡུལ་དུ་ལག་པ་འཁྲུ་བའི་ཆ་རྐྱེན་མེད་ན།ཐེངས་གཅིག་རང་བཞིན་གྱི་ལག་འཁྲུས་བཤེར་ཁུ་སྤྱད་ནའང་འགྲིག
༦༦ རབ་བྱུང་ན་ཉིན་གཅིག་ལ་ཨ་ཅོར་ཐེངས་གཅིག་འཁྲུ་དགོས་པ་དང་།གདན་ཁེབས་དང་།མལ་ཆས།གྱོན་གོས་བཅས་བརྗེ་འཁྲུད་ཡང་ཡང་བྱེད་དགོས།ཆ་རྐྱེན་ཡོད་ན་དྲོད་ཚད་མཐོ་པོའི་འོག་སྐེམ་དགོས།
༦༧ ཤེལ་ཕོར་དང་།ཇ་ཕོར།ལྟོ་སྣོད་སོགས་བེད་སྤྱོད་བྱས་རྗེས་དུས་ཐོག་ཏུ་དུག་སེལ་བྱ་དགོས་པ་སྟེ།དུག་སེལ་སྒམ་ནང་བླུགས་པའམ་ཆུ་འཁོལ་ནང་སྐར་མ་15ཙམ་བཙོས་ནས་དུག་སེལ་བྱེད་དགོས།དུག་སེལ་བྱས་ཚར་རྗེས་བཞུར་ཆུའི་ནང་གཙང་བཤལ་ཡག་པོ་གཏོང་དགོས།
༦༨ ནད་དུག་མེད་པ་བཟོ་བར་ཁ་སྦུག་སྨན་རྫས་ལས་སྒོག་པའི་ནུས་པ་ཆེ་བ་ཡོད་དམ་ཞེ་ན།ཆེ་བ་མེད།དེ་ནི་ཚན་རིག་གི་རྒྱབ་རྟེན་དང་ནད་ཐོག་ཚོད་ལྟའི་བདེན་དཔང་གང་ཡང་མེད་པའི་བརྗོད་སྟངས་ཤིག་རེད།
༦༩ སྣ་ཁུང་ནང་དྲི་ཞིམ་སྣུམ་བྱུག་པས་ནད་དུག་གཟུགས་པོའི་ནང་འཛུལ་རྒྱུར་བཀག་འགོག་བྱེད་མི་ཐུབ།
༧༠ ཤིང་ཏོག་ངང་ལག་ཟས་ན་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་འགོས་སམ་ཞེ་ན།ནད་དུག་དེའི་འབྱུང་ཁུངས་སྲོག་ཆགས་ཡིན་པས།ཤིང་ཏོག་ངང་ལག་བཟས་པ་དང་འབྲེལ་བ་མེད།
༧༡ ཨ་རག་དཀར་པོ་བཏུང་བས་ཏོག་དབྱིབས་ནད་དུག་འགོག་ཐུབ་ཟེར་བ་དེ་རྫུན་གཏམ་ཡིན།
༧༢ ཆུ་ཚན་བརྒལ་བའམ་རླངས་འཁྲུད་རྒྱག་པ་སོགས་ཀྱིས་ནད་དུག་མེད་པ་བཟོ་མི་ཐུབ།
༧༣ ཚུའུ་བདུག་པ་དེས་ཏོག་དབྱིབས་ནད་དུག་གསར་པ་སྔོན་འགོག་བྱེད་པའི་ནུས་པ་ཧ་ཅང་ཆུང་ཆུང་ཡིན་པ་མ་ཟད།ཚུའུ་སྐྱུར་ཡི་དྲི་རླངས་ཁང་པའི་ནང་ཁྱབ་པའི་རྗེས།མིའི་དབུགས་ལམ་གྱི་སྐྱི་པགས་ལ་གནོད་འཚེ་བཟོ་བའི་ཉེན་ཁ་ཡོད།
༧༤ VCཡིས་ཏོག་དབྱིབས་ནད་དུག་གསར་པ་སྔོན་འགོག་བྱེད་མི་ཐུབ་ལ།དེར་ནད་དུག་གཞན་འགོག་པའི་ནུས་པ་ཡང་མེད།
༧༥ ཐ་མག་འཐེན་ན་ནད་དུག་སྔོན་འགོག་བྱེད་ཐུབ་ཟེར་བ་དེ་དམིགས་བསལ་གློ་ཚད་ཐོན་དུས་ནས་ཡོད་པའི་དཀྲོག་གཏམ་ཞིག་རེད།
༧༦ མིག་སྔར།ཆམ་རིམས་འགོག་པའི་སྨན་རྫས་ཨ་པི་ཏོའར་ལྟ་བུས་ཏོག་དབྱིབས་ནད་དུག་སྔོན་འགོག་བྱེད་ཐུབ་མིན་ཐད་གསོ་རིག་གི་ར་སྤྲོད་གང་ཡང་ཐུབ་མེད།
༧༧ མིག་སྔར།ཞིབ་འཇུག་འབྲས་བུ་གང་ཞིག་གིས་ཀྱང་ཚྭ་ཆུས་ཏོག་དབྱིབས་ནད་དུག་གསར་པ་མེད་པར་བཟོ་ཐུབ་པ་གསལ་བཤད་བྱས་མེད།
༧༨ མིག་སྲུང་མིག་ཤེལ་ནི་ནད་པ་དང་ཐད་ཀར་རེག་ཐུག་མང་བའི་སྨན་དོན་མི་སྣའི་མཁོ་ཆས་ཤིག་ཡིན་པ་ལས།མི་གཞན་ནས་གང་དེ་བེད་སྤྱོད་བྱེད་པའི་དགོས་པ་མེད་པས།མིག་སྲུང་མིག་ཤེལ་ཧབ་ཉོ་བྱེད་པའི་དགོས་པ་གང་ཡང་མེད།
༧༩ ཀྲུང་གོ་རིམས་ནད་སྔོན་འགོག་ལྟེ་གནས་ཀྱིས་ཏོག་དབྱིབས་ནད་དུག་གསར་པའི་རིམས་འགོག་སྨན་ཞིབ་འཇུག་གསར་སྤེལ་བྱེད་འགོ་བཙུགས་ཟིན་ཅིང་།མིག་སྔར་ནད་དུག་དེ་ལོགས་དབྱེ་བྱས་ཟིན་ཡོད།
༨༠ མིག་སྔར་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཐོན་མེད།
༨༡ ཨེ་ཙེའི་ནད་འགོག་པའི་སྨན་རྫས་ཏོག་གསར་གློ་ཚད་བཅོས་པའི་ཚོད་ལྟའི་སྨན་དུ་སྤྱད་ནའང་འགྲིག
༨༢ མིག་སྔའི་བར་ནད་ཡམས་དེའི་ཆེད་སྤྱོད་སྨན་རྫས་མེད།ཡིན་ནའང་ཚན་ཞིབ་ དང་གསོ་རིག་ལས་དོན་པས་ཐག་གཅོད་ཇུས་གཞི་མི་ཉུང་བ་ཞིག་བཏོན་ཡོད་པ་དང་།དེས་རྐྱེན་པས་རྐྱེན་ལམ་དུ་ཤོར་ཚད་ཉུང་དུ་ཕྱིན་ཡོད།
༨༣ ཚན་རིག་མཁས་ཅན་གྱིས་ད་ལྟ་ཏོག་གསར་གློ་ཚད་ནད་དུག་འགོས་ཁྱབ་ཀྱི་བར་བརྒྱུད་གཞི་རྟེན་དེ་འཚོལ་ཞིབ་བྱེད་བཞིན་ཡོད་པ་དང་།ནད་དུག་དེ་ཐོག་མར་ཕ་ཝང་གི་ལུས་ཐོག་ནས་འཚོལ་རྙེད་ཐུབ་ཡོད།ཡིན་ནའང་བར་བརྒྱུད་གཞི་རྟེན་གང་ཡིན་པ་ད་ལྟ་གསལ་པོ་རྟོགས་ཐུབ་མེད།
༨༤ ནད་དུག་དེ་སྨུག་ཕྱིའི་འོད་དང་ཚ་དྲོད་ལ་ཚོར་བ་སྐྱེན་པོ་ཡོད།
༨༥ 56℃ནང་སྐར་མ་30དང་།དབྱི་ཁ་པ། 75%ཡི་ཁྲུན་ཁ་པ། ཁིལ་ལྡན་དུག་སེལ་རྫས།དབྱང་བརྒལ་སྐྱུར་ཁ་པ།  ཁིལ་ཧྥང་སོགས་ཚིལ་བཞུར་རྫས་ལ་ནད་དུག་གསོད་པའི་ནུས་པ་ཡོད།
༨༦ ཁིལ་ཡི་ཏིང་གིས་ནད་དུག་གཙང་འཇོམས་བྱེད་མི་ཐུབ།
༨༧ ནད་དུག་ནི་ཚ་བ་ལ་སྐྲག་པ་ཕུད།ད་དུང་མཁའ་རླུང་འཁོར་རྒྱུག་ལ་སྐྲག་གི་ཡོད།
༨༨ རིམས་ནད་དེ་དུས་ཚོད་ངེས་ཅན་ཞིག་གནས་སྲིད་པས། ཕྱིར་འགྲོ་སྐྱོད་ཉུང་ཙམ་བྱེད་དགོས་པ་དང་།ལྷག་པར་དུ་ཝུ་ཧན་རྒྱུད་ཀྱིས་མི་རྣམས་དོ་སྣང་ཆེན་པོ་བྱེད་དགོས།
༨༩ ཕྱི་ཕྱོགས་སུ་དགའ་འཛོམས་བྱེད་པ་དང་། གཉེན་ཉེ་ཐུག་འཕྲད་བྱ་རྒྱུ་གང་ཐུབ་ཅི་ཐུབ་ཀྱིས་ཉུང་དུ་གཏོང་དགོས།
༩༠ མིག་སྔར་ཚད་ལྡན་གྱི་ཤ་ཟས་དང་།མཚོ་ཟས་ཐོན་རྫས་བརྒྱུད་ནས་ནད་དུག་དེ་འགོས་པའི་སྣང་ཚུལ་ཤེས་རྟོགས་ཐུབ་མེད་པས།བློ་བདེ་པོའི་ངང་ནས་སྤྱད་ཆོག
༩༡ ཡོངས་ཁུངས་གསལ་པོ་མི་ཤེས་པའི་བྱ་རིགས་ཉོ་མི་རུང་བ་དང་།རི་སྐྱེས་སྲོག་ཆགས་དང་འབྲེལ་འདྲིས་བྱེད་མི་རུང་ལ།རི་སྐྱེས་སྲོག་ཆགས་ཀྱི་ཤ་ཟ་མི་རུང་།
༩༢ ཟ་རིགས་ཚོས་པོ་བྱུང་རྗེས་གཞི་ནས་ཟ་ཆོག་པ་དང་།ཟས་རིགས་རྗེན་པ་དང་ཚོས་མེད་པའི་སྲོག་ཆགས་ཀྱི་ཐོན་རྫས་ཟ་མི་རུང་བ།དེའི་ནང་སྒོང་ང་དང་།འོ་མ།ཤ་རིགས་བཅས་ཚུད་ཡོད།
༩༣ སྐུར་མ་བསྐུར་ལེན་བྱེད་པའི་སྐབས་སུ་ནད་དུག་འགོས་རྒྱུ་སྔོན་འགོག་བྱེད་ཆེད།མྱུར་སྐྱེལ་བ་ཚོར་ཅ་ལག་སྔོན་ལ་སྒོ་འགྲམ་དུ་འཇོག་ཏུ་འཇུག་དགོས་པ་དང་།དངོས་པོ་སྐྱེལ་མཁན་ཕྱིན་ཚར་རྗེས་ཅ་ལག་རང་གིས་ནང་དུ་འཁྱེར་དགོས།
༩༤ མྱུར་སྐྱེལ་སྐུར་མ་འབྱོར་རྗེས། སྔོན་ལ་ཨ་རག་ཉིང་ཁུས་ཐུམ་སྒྲིལ་གཙང་ཕྱིད་བྱེད་དགོས་པ་དང་།སྐུར་མ་ཁ་ཕྱེ་རྗེས་ལག་པ་གཙང་མ་འཁྲུ་དགོས།
༩༥ སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་རྒྱུག་བྱེད་དུ་འཇུག་པ་དེས།ཁང་པའི་ནང་ཁུལ་དུ་ཡོད་པའི་ནད་དུག་ཉུང་དུ་གཏོང་ཐུབ་པ་དང་།ཁང་པའི་ནང་ཁུལ་གྱི་མཁའ་རླུང་གཙང་མ་བཟོ་ཐུབ།
༩༦ གལ་ཏེ་ཁྱེད་ཉེ་ཆར་ནད་ཡམས་དེ་ཕོག་པའི་ནད་པ་དང་།དོགས་ཡོད་ནད་པ་དང་འབྲེལ་བ་བྱེད་མྱོང་མེད་པ་མ་ཟད། འདུ་འཛོམས་སོགས་ལ་ཕྱིན་མེད་ཚེ་དངངས་འཚབ་བྱེད་མི་དགོས་ལ།ཆེད་མངགས་དུག་སེལ་ཡང་བྱ་མི་དགོས།
༩༧ ཁྱིམ་དུ་དུག་སེལ་བྱེད་སྐབས་གར་ཚད་75%ཟིན་པའི་ཨ་རག་ཉིང་ཁུའམ་84རྟགས་ཅན་གྱི་དུག་སེལ་གཤེར་ཁུ་སྤྱད་ཆོག
༩༨ མིག་སྔར།ད་ཐེངས་ཀྱི་ཏོག་དབྱིབས་ནད་དུག་དེ་ཞི་མི་དང་ཁྱི་ལ་འགོས་པའི་དཔང་རྟགས་རྙེད་མེད།
༩༩ གལ་ཏེ་ཁྱི་དང་ཞི་མི་འཁྲིད་ནས་ཕྱིར་འགྲོ་སྐབས། མིས་ངེས་པར་དུ་ཁ་རས་རྒྱག་དགོས་པ་དང་།ཁྱིམ་དུ་ལོག་རྗེས་ཞི་མི་དང་ཁྱིའི་ལུས་པོ་གཙང་མ་འཁྲུ་དགོས།
༡༠༠ མདོག་གསུམ་པདྨའི་བོད་ཡིག་འཕྲིན་སྟེགས་ཞེས་པ་འདིར་དོ་སྣང་མཛད་ནས་ནད་ཡམས་ཀྱི་ཆ་འཕྲིན་ལ་གཟིགས་རྒྱུ་བཅས་སོ།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

15选5旋转矩阵