今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འབྲེལ་ཡོད་རྒྱུན་ཤེས།

༡.ཅི་འདྲ་ཞིག་ལ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཟེར་རམ།
ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ནི་རང་བྱུང་ཁམས་སུ་ཆེས་རྒྱ་ཁྱབ་ཏུ་དར་བའི་ནད་དུག་གི་རིགས་ཤིག་ཡིན་ལ།ནད་དུག་དེའི་མིང་ཡང་གློག་ཤེལ་བརྒྱུད་ཅོད་པན་དབྱིབས་ཀྱི་བཟོ་ལྟ་ལ་གཞིགས་ནས་ཐོགས།མིག་སྔར་ཤེས་གསལ་ལྟར་ན། ནད་དུག་དེ་སྒལ་རུས་ཅན་གྱི་སྲོག་ཆགས་ལ་མ་གཏོགས་མི་འགོས་པ་མ་ཟད། མི་དང་སྲོག་ཆགས་ཀྱི་དབུགས་ལམ་དང་། འཇུ་ལམ། དབང་རྩའི་མ་ལག་བཅས་ཀྱི་ནད་དུག་ཅིག་ཡིན།
ད་ཐེངས་ཤེས་རྟོགས་བྱུང་བའི་ཏོག་དབྱིབས་རིམས་ནད་གསར་བ(འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ནད་དུག་དེར“2019-nCoV”ཞེས་པའམ་ཏོག་དབྱིབས་ནད་དུག་གསར་བ་ཞེས་འབོད)དེ་ཕུད། ནད་པའི་ལུས་སྟེང་ནས་ད་དུང་ནད་དུག་ཁག་དྲུག་ཙམ་ཤེས་རྟོགས་བྱུང་ལ།དེའི་ཁྲོད་ནས་ཁག་བཞི་ཙམ་དམངས་ཁྲོད་དུ་རྒྱ་ཁྱབ་ཏུ་དར་ཡོད་ཀྱང་། སྤྱིར་བཏང་གི་ཆམ་རིམས་དང་དབུགས་ལམ་ཀྱི་གཉན་ཚད་ཕོག་པ་ཙམ་མ་གཏོགས་ནད་ཕོག་རང་བཞིན་ཅུང་ཆུང་། ད་དུང་ཁག་གཉིས་ནི་ང་ཚོ་རྒྱུས་མངའ་ཆེ་བའིSARSཏོག་དབྱིབས་ནད་དུག་དངMERSཏོག་དབྱིབས་ནད་དུག་རེད། འོན་ཀྱང་ད་ཐེངས་ཤེས་རྟོགས་བྱུང་བའི་ཏོག་དབྱིབས་ནད་དུག་གསར་བ་དེSARSཏོག་དབྱིབས་ནད་དུག་དངMERSཏོག་དབྱིབས་ནད་དུག་དང་མི་འདྲ། དེའང་ནད་དུག་ཕན་ཚུན་དབར་འདྲ་བའི་ཆ་མང་དག་ཡོད་ཀྱང་། ནད་དུག་གསར་བ་དེ SARSཏོག་དབྱིབས་ནད་དུག་ལྟར་གྱི་ཚབས་ཆེའི་ནད་རྟགས་མེད་པས། ཐུགས་ཁྲལ་གནང་མི་དགོས།
༢.ནད་དུག་གསར་བ་དེ་འགོས་པའི་ནད་པར་ནད་རྟགས་གང་འདྲ་ཡོད་དམ།
སྤྱིར་བཏང་གི་ནད་རྟགས།ཚ་བ་རྒྱས་པ། གཟུགས་པོར་ཤུགས་མེད་པ། སྐམ་ལུ་རྒྱག་པ། རིམ་བཞིན་དབུགས་འབྱིན་རྔུབ་དཀའ་བ།ཚབས་ཆེའི་ནད་རྟགས། དོས་དྲག་རང་བཞིན་གྱི་དབུགས་རྔུབ་གཏོང་དཀའ་བའི་ཕྱོགས་བསྡུས་ནད་རྟགས།ཁྲག་དུག་ཕོག་ནས་དྲན་མེད་དུ་བརྒྱལ་བ། ཚབ་བརྗེ་རང་བཞིན་གྱི་སྐྱུར་དུག་ཕོག་པ་དང་ཁྲག་ཐོན་དཀག་པའི་ནུས་པ་བསྐྱར་བཅོས་བྱེད་དཀའ་བ། ནད་པ་མང་ཆེ་བའི་ནད་རྟགས་ཡང་ཞིང་སྨན་བཅོས་བྱེད་བདེ་བ་དང་།ནད་པ་ཉུང་ཤས་ནད་རྟགས་ཚབས་ཆེ་ཚེ་ཤི་འགྲོ་བའང་ཡོད།
༣.ཁ་ཐུམ་ཇི་ལྟར་རྒྱག་དགོས།
ཁ་ཐུམ་རྒྱག་པ་དེའང་དབུགས་ལམ་གྱི་ཟགས་ཐོན་ཕྱིར་མི་མཆེད་པའི་བྱ་ཐབས་ཤིག་ཡིན།སྨན་སྤྱོད་ཕྱི་ཚན་ཁ་ཐུམ་གྱིས་དབུགས་ལམ་གྱི་ནད་ཡམས་སྔོན་འགོག་བྱེད་ཐུབ།སྟབས་བདེའི་སྨན་སྤྱོད་ཁ་ཐུམ་རྒྱག་སྐབས།ངོས་ཡོངས་སུ་ཁ་ཕྱེ་ནས་ཁ་དང་།སྣ།མ་ནེ་བཅས་ཡོངས་སུ་བཏུམས་རྗེས།སྣ་ཁུང་སྟེང་གི་ངོས་རྣམས་མར་མནན་དགོས་ལ།ངོས་གཞན་ཡོངས་ཤ་ཐོག་ཏུ་འབྱར་དགོས། ཁ་ཐུམ་མ་བརྒྱབ་གོང་ལག་པ་བཀྲུ་དགོས་པའམ་ཡང་ན།ཁ་ཐུམ་རྒྱག་སྐབས་ལག་པ་ཁ་ཐུམ་གྱི་ནང་ངོས་སུ་མ་རེག་པ་བྱེད་དགོས།ཁ་ཐུམ་ཕྱི་ནང་དང་གོང་འོག་མ་ནོར་བ་བྱེད་དགོས་པ་དེའང་།ཁ་དཀར་བའི་ཆ་དེ་ནང་ངོས་དང་སྣུམ་པའི་ཆ་དེ་ཕྱི་ངོས་ཡིན་ལ། ཕྲ་སྐུད་ཡོད་ས་དེ་ཁ་རས་ཀྱི་གོང་ཡིན།དུས་ལྟར་ཁ་ཐུམ་བརྗེ་དགོས་ལ། ཕྱི་ནང་ནོར་ནས་རྒྱག་མི་རུང་།
༤.ལག་པ་ཇི་ལྟར་བཀྲུ་དགོས།
ཟ་མ་ཟོས་རྗེས་སམ་གཅིན་སྐྱག་པ་བཏང་རྗེས་དང་། ཕྱི་ནས་ཁྱིམ་དུ་ལོག་རྗེས། གད་སྙིགས་ལ་ལག་པ་རེག་རྗེས། སྲོག་ཆགས་ལ་རེག་རྗེས་བཅས་སུ་ལག་པ་བཀྲུ་རྒྱུ་མ་བརྗེད་པ་བྱེད་དགོས།ལག་པ་འཁྲུད་སྐབས།འབབ་བཞིན་པའི་ཆུ་དང་འདག་རྫས་ཀྱིས་སྐར་ཆ15ཡན་ལ་བཀྲུ་དགོས།
ལག་པ་བཀྲུ་ཐབས་བདུན་ཡོད་དེ།
༡ ལག་པའི་སྦར་མོ་ཕན་ཚུན་འཕུར་དགོས།
༢ ལག་རྒྱབ་ལ་སྦར་མོས་འཕུར་དགོས།
༣ མཛུབ་མོ་བཅུ་བོ་ཕན་ཚུན་བསྣོལ་ཏེ་འཕུར་དགོས།
༤ ཁུ་ཚུར་བསྒྲིམས་ནས་ཕན་ཚུན་འཕུར་དགོས།
༥ མཐེ་བོང་སྦར་མཐིལ་དུ་འབྱར་ནས་འཕུར་དགོས།
༦ མཛུབ་རྩེས་སྦར་མཐིལ་འཕུར་དགོས།
༧ མཁྲིག་མ་གཙང་མ་བཀྲུ་དགོས།
༥.གང་འདྲ་ཞིག་ལ་ཉེ་བར་བཅར་བ་ཟེར་རམ།
ནད་པ་དང་མཉམ་དུ་འཚོ་བ་སྐྱེལ་བ་དང་། སློབ་སྦྱོང་བྱེད་པ། ལས་ཀ་བྱེད་པའམ་ཉེ་བར་བཅར་མཁན། སྨན་བཅོས་དང་།ནད་གཡོག་རྒྱུག་པ།ནད་སྐོར་རྒྱག་པ་སོགས་བྱེད་སྐབས་བདེ་འཇགས་ཀྱི་བྱ་ཐབས་མི་སྤྱོད་པའི་སྨན་པའམ། ནད་པའི་ཁྱིམ་མི། དེ་བཞིན་ནད་དུག་ཡོད་མཁན་དང་ཉེ་བར་བཅར་མཁན་གྱི་མི་གཞན། ནད་ཁང་གཅིག་གི་ནད་པ་དང་སྨན་གཡོགནད་པ་དང་འགྲིམ་འགྲུལ་ཡོ་བྱད་གཅིག་གི་ནང་བསྡད་ལ་བར་ཐག་ཉེ་བར་བཅར་མཁན། ཡུལ་དངོས་ཀྱི་ལས་དོན་པས་བརྟག་དཔྱད་བྱས་རྗེས་ཆ་རྐྱེན་དང་མཐུན་རིགས།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

15选5旋转矩阵 多少人死在倍投上 吉林体彩十一选五 宁夏体彩11选5软件 体彩6十1中奖概率 内蒙古快三下载安装 昨天股票下跌的原因 意大利pk10心得 河南快三app下载 陕西11选5规则 广东十一选五中奖金额表 左右棋牌下载 黑龙江体彩6十1历史开奖号 洋河股份股票 广东36选7开奖 吉林快3走势图表今天 启运配资