今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

གློ་ཚད་རིམས་ནད་དང་འབྲེལ་བའི་དོན་ཚན་དགུ་ངེས་པར་དུ་ཤེས་དགོས།

   ཉེ་ལམ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུ་ཡིས《ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་བརྟག་བཅོས་ཇུས་གཞི( ཚོད་ལྟའི་པར་གཞི་བཞི་པ)》བཀྲམས་ཞིང་།པར་གཞི་གསར་པའི་ཇུས་གཞིའི་ནང་གི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་དང་འབྲེལ་བའི་དོན་ཚན་དགུ་པོ་འདི་དག་ང་ཚོས་ངེས་པར་དུ་ཤེས་དགོས།
   གཅིག.ནད་དུག་དེ་སྨུག་ཕྱིའི་འོད་དང་ཚ་དྲོད་ཆེ་བས་འགོག་ཐུབ།
   གཉིས།དུག་སེལ་བྱེད་སྐབས་དྲོད་ཚད་ཏུའུ་ང་དྲུག་ཡན་གྱི་ཆུ་ཁོལ་ནང་སྐར་མ་30ཙམ་བཙོས་ནས་དུག་སེལ་བྱེད་པའམ།  དབྱི་སྨི(乙醚)སྦྲི་སྨན་དང་།  75%ཡི་ཆང་བཅུད། ཁིལ་རྒྱུ་ལྡན་པའི་ནད་དུག་སེལ་བྱེད། དབྱང་འདས་ཁ་སྐྱུར། ཁིལ་ཧྥོ་སོགས་བཏོར་ནས་དུག་སེལ་བྱེད་ཆོག
   3.མིག་སྔའི་བར་མཐོང་བ་ལྟར་ན།  རིམས་ནད་དེ་གཙོ་བོ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཕོག་པའི་ནད་པ་ལས་འགོ་བཞིན་ཡོད།
   4.འགོ་ལམ་གཙོ་བོ་ནི་དབུགས་ལམ་གྱི་མཆིལ་ཟེགས་བརྒྱུད་ནས་འགོ་བ་དང་།  གཞན་ཡང་ནད་པ་དང་འབྲེལ་འདྲིས་བྱས་པ་ལས་ཀྱང་འགོ་བཞིན་ཡོད།
   5.མི་མང་ཆེ་བར་འགོ་བཞིན་ཡོད་པ་ལས།རྒན་པ་དང་དལ་བའི་རང་བཞིན་གྱི་ནད་རིགས་ཡོད་པའི་མིར་འགོ་བའི་ཉེན་ཁ་ལྷག་ཏུ་ཆེ།  བྱིས་པ་དང་བྱིས་པ་རློན་ནུ་ལའང་འགོས་ཚབས་ཆེ།
   6.ནད་འདིའི་ནད་རྟགས་མི་མངོན་པའི་དུས་ནི་སྤྱིར་བཏང་དུ།ཉིན་3ནས་ཉིན7བར་ཡིན་པ་དང་།རིང་ནའང་ཉིན་14ལས་མི་བརྒལ།
   7.ནད་དེའི་ནད་རྟགས་གཙོ་བོ་ནི་ཚ་རྒྱས་པ་དང་།ལུས་ཤུགས་མེད་པ།  སྐམ་ལུ་བྱེད་པ།  མི་ལ་ལར་ད་དུང་སྣ་འཚུབ་པ་དང་།  སྣ་ཆུ་བཞུར་བ།  གསུས་པ་བཤལ་བ་སོགས་ཀྱི་ནད་རྟགས་ཀྱང་འབྱུང་བཞིན་ཡོད།  ཚབས་ཆེ་བ་དང་ཉེན་ཁ་ཡོད་པའི་ནད་པར་ཚ་ཆེན་པོ་མི་རྒྱས་པ་དང་མངོན་གསལ་དུ་ཚ་མི་རྒྱག་པའང་ཡོད།
   8.ནད་པ་མང་ཆེ་བར་སྨན་བཅོས་བྱས་རྗེས་ཕན་འབྲས་ལེགས་པོ་ཐོན་སྲིད།སྤྱིར་བཏང་དུ་བྱིས་པར་ནད་རྟགས་ལྕི་མོ་འབྱུང་མི་སྲིད།   ཚེ་ལས་འདས་པའི་ནད་པ་མང་ཆེ་བ་ནི་རྒན་པ་དང་དལ་བའི་རང་བཞིན་གྱི་ནད་རིགས་ཡོད་མཁན་དག་ཡིན།
  9.ལོགས་སུ་མི་དགར་བ་དང་སྨན་ཁང་ནས་ཕྱིར་བུད་པའི་ནད་པའི་ཚད་གཞི་ནི་ལུས་དྲོད་ཉིན་གསུམ་ཡན་རྒྱུན་ལྡན་ལྟར་ཡིན་པ་དང་།དབུགས་ལམ་གྱི་ནད་རྟགས་མངོན་གསལ་སྒོས་ཇེ་ཉུང་དུ་ཕྱིན་པ།  དབུགས་ལམ་གྱི་ནད་སློང་བའི་རྒྱུ་རྐྱེན་ལ་་བརྟག་དཔྱད་བྱས་པ་ལས་བསྟུད་མར་ཐེངས་གཉིས་ལ་ནད་དུག་མེད་པ་བཅས་ཡིན་དགོས།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

15选5旋转矩阵